当前位置:首页 > 歌词大全 > INTRO歌词
  • 作词 : འབའ་བུ་སྣང་སྐྱིད།
    作曲 : 玛久加
    编曲:赫连长泓
    ཀླུ་སྒྲུབ་རྒྱ་མཚོ་ཡི་ལང་ཚོའི་མེ་ཏོག་རི་མཐོ་ཆུ་གཙང་དུ་འབོད་པའི་ཁོད་ཡངས་པའི་འབྲོག་ཐང་ནས་འབུས་མོད།
    འཚོ་བའི་དགོས་དབང་གིས་གྲོང་ཁྱེར་དུ་ལོག་ནས་འཚར་ལོངས་ཀྱི་གོ་རིམ་རྫོགས་པའི་འབྲོག་ཕྲུག་རྩམ་ཟན་ཞིག་ཡིན།
    ཁོ་ནི་གཞས་བྲོ་གླུ་གསུམ་ལ་ཧ་ཅང་དགའ་ཞིང་དེའི་ཕྱོགས་ལ་མོས་འདུན་ཆེས་ཆེར་ཡོད།
    ལྷག་པར་རོལ་དབྱངས་ཀྱིས་ཁོ་བོར་འོད་ཀྱི་གཤོག་པ་བསྩལ་ནས་སྒྱུ་རྩལ་གྱི་ནམ་མཁར་ལྡིང་བསྐོར་བྱེད་དུ་བཅུག་མྱོང་།
    གཞས་མ་གཏམ་ནི་ཁོའི་འཚོ་བའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ་ནམ་ཡང་སྐད་ཆས་མཚོན་མི་ནུས་པའི་སེམས་ཀྱི་མཛེས་སྡུག་དེའང་ཡིན་སྲིད།
    སློབ་ཆེན་གྱི་ལོ་རིམ་ནས་བཟུང་ཆེད་དུ་དེང་གཞས་སྒྱུ་རྩལ་གྱི་ལམ་ཁར་སྙེག་པ་ཡིན།
    ཡིན་ཡང་།ཆུང་དུས་ནས་རྒྱ་ཡིག་ལས་བོད་ཡིག་ལ་བག་ཆགས་ཡག་པོ་ཐོབ་པའི་གོ་སྐབས་ཉུང་རྐྱེན་
    ཐོག་མར་བོད་ཡིག་གི་གཞས་ཚིག་དག་གཞས་གདངས་ལ་སྤྲོད་དུས་ཀློག་ཁག་པ་སོགས་ཀྱི་དཀའ་ཁག་ཡོད་པས་
    གཤམ་དུ་ཀློག་བདེ་བའི་རྒྱ་ཡིག་གི་སྒྲ་སྦྱོར་ཕབ་པ་ནས་གནས་སྐབས་ཀྱི་དཀའ་ཁག་སེལ་ཐབས་བྱས་པ་ཡིན།
    ཆུང་དུས་ནས་བཟུང་ཕ་ཡུལ་འབྲོག་ཐང་དང་ཁ་ཐག་རིང་པའི་གྲོང་ཁྱེར་དུ་གནས་བཅོས་ནས་ཕ་སྐད་སྦྱངས་པའི་གོ་སྐབས་རེ་ཞིག་མ་རེག་མོད།
    འོན་ཀྱང་ཁྱིམ་གྱི་སློབ་གསོ་དང་ཕ་མ་གཉིས་ཀྱི་མཐུན་རྐྱེན་འོག་སྨྲ་གསལ་བརྗོད་དག་གྱི་བོད་སྐད་གཙང་མ་ཞིག་བཤད་ཤེས་པའི་རྨང་གཞིའི་སྟེང་
    ལོ་ངོ་གསུམ་ལྷག་གི་དུས་ཚོད་སྤྱད་ནས་བོད་ཡིག་བསླབས་པས།
    ད་སྐབས་འབྲི་ཀློག་སྦྱོར་གསུམ་གྱི་ཐད་ལ་དཀའ་ཁག་རྨང་ནས་མེད་པ་ཆགས་ཡོད།
    དེ་བས་ཚེ་འདིར་རོལ་དབྱངས་ཀྱིས་ང་ལ་ཕ་སྐད་དང་ཉེ་བར་བཅར་བའི་གོ་སྐབས་བསྩལ་ཞིང་།
    ང་ཡང་ཕ་སྐད་དང་རོལ་དབྱངས་ལ་བསྟིམ་འདོད་ཀྱི་བློ་ཁ་ཕྱོགས་ཡོད།
    ཁོ་བོས་ཆེད་བསྒྲིགས་ཀྱི་དམིགས་བསལ་གྱི་གཞི་བཅོལ་སའང་འཚོ་བ་དང་ཁ་ཐག་ཤིན་ཏུ་ཉེ་ས་ནས་སེམས་ཀྱི་ཚོར་ཤེས་དང་དགའ་སྐྱོ་ཆགས་སྡང་སོགས་རོལ་དབྱངས་ཀྱི་ངོ་བོར་བསྲེས་ནས་ནམ་ཡང་ཁྱོད་ཚོའི་སེམས་སུ་སྦྲང་ཆར་བཞིན་སིམ་སིམ་ཏུ་འབབ་རྒྱུ་དེ་ཡིན།
  • [00:00.000] 作词 : འབའ་བུ་སྣང་སྐྱིད།
    [00:00.000] 作曲 : 玛久加
    [00:00.00]编曲:赫连长泓
    [00:03.00]ཀླུ་སྒྲུབ་རྒྱ་མཚོ་ཡི་ལང་ཚོའི་མེ་ཏོག་རི་མཐོ་ཆུ་གཙང་དུ་འབོད་པའི་ཁོད་ཡངས་པའི་འབྲོག་ཐང་ནས་འབུས་མོད།
    [00:08.00]འཚོ་བའི་དགོས་དབང་གིས་གྲོང་ཁྱེར་དུ་ལོག་ནས་འཚར་ལོངས་ཀྱི་གོ་རིམ་རྫོགས་པའི་འབྲོག་ཕྲུག་རྩམ་ཟན་ཞིག་ཡིན།
    [00:13.00]ཁོ་ནི་གཞས་བྲོ་གླུ་གསུམ་ལ་ཧ་ཅང་དགའ་ཞིང་དེའི་ཕྱོགས་ལ་མོས་འདུན་ཆེས་ཆེར་ཡོད།
    [00:20.00]ལྷག་པར་རོལ་དབྱངས་ཀྱིས་ཁོ་བོར་འོད་ཀྱི་གཤོག་པ་བསྩལ་ནས་སྒྱུ་རྩལ་གྱི་ནམ་མཁར་ལྡིང་བསྐོར་བྱེད་དུ་བཅུག་མྱོང་།
    [00:28.00]གཞས་མ་གཏམ་ནི་ཁོའི་འཚོ་བའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ་ནམ་ཡང་སྐད་ཆས་མཚོན་མི་ནུས་པའི་སེམས་ཀྱི་མཛེས་སྡུག་དེའང་ཡིན་སྲིད།
    [00:38.00]སློབ་ཆེན་གྱི་ལོ་རིམ་ནས་བཟུང་ཆེད་དུ་དེང་གཞས་སྒྱུ་རྩལ་གྱི་ལམ་ཁར་སྙེག་པ་ཡིན།
    [00:48.00]ཡིན་ཡང་།ཆུང་དུས་ནས་རྒྱ་ཡིག་ལས་བོད་ཡིག་ལ་བག་ཆགས་ཡག་པོ་ཐོབ་པའི་གོ་སྐབས་ཉུང་རྐྱེན་
    [00:54.00]ཐོག་མར་བོད་ཡིག་གི་གཞས་ཚིག་དག་གཞས་གདངས་ལ་སྤྲོད་དུས་ཀློག་ཁག་པ་སོགས་ཀྱི་དཀའ་ཁག་ཡོད་པས་
    [01:00.00]གཤམ་དུ་ཀློག་བདེ་བའི་རྒྱ་ཡིག་གི་སྒྲ་སྦྱོར་ཕབ་པ་ནས་གནས་སྐབས་ཀྱི་དཀའ་ཁག་སེལ་ཐབས་བྱས་པ་ཡིན།
    [01:07.00]ཆུང་དུས་ནས་བཟུང་ཕ་ཡུལ་འབྲོག་ཐང་དང་ཁ་ཐག་རིང་པའི་གྲོང་ཁྱེར་དུ་གནས་བཅོས་ནས་ཕ་སྐད་སྦྱངས་པའི་གོ་སྐབས་རེ་ཞིག་མ་རེག་མོད།
    [01:16.00]འོན་ཀྱང་ཁྱིམ་གྱི་སློབ་གསོ་དང་ཕ་མ་གཉིས་ཀྱི་མཐུན་རྐྱེན་འོག་སྨྲ་གསལ་བརྗོད་དག་གྱི་བོད་སྐད་གཙང་མ་ཞིག་བཤད་ཤེས་པའི་རྨང་གཞིའི་སྟེང་
    [01:26.00]ལོ་ངོ་གསུམ་ལྷག་གི་དུས་ཚོད་སྤྱད་ནས་བོད་ཡིག་བསླབས་པས།
    [01:30.00]ད་སྐབས་འབྲི་ཀློག་སྦྱོར་གསུམ་གྱི་ཐད་ལ་དཀའ་ཁག་རྨང་ནས་མེད་པ་ཆགས་ཡོད།
    [01:35.00]དེ་བས་ཚེ་འདིར་རོལ་དབྱངས་ཀྱིས་ང་ལ་ཕ་སྐད་དང་ཉེ་བར་བཅར་བའི་གོ་སྐབས་བསྩལ་ཞིང་།
    [01:41.00]ང་ཡང་ཕ་སྐད་དང་རོལ་དབྱངས་ལ་བསྟིམ་འདོད་ཀྱི་བློ་ཁ་ཕྱོགས་ཡོད།
    [01:46.00]ཁོ་བོས་ཆེད་བསྒྲིགས་ཀྱི་དམིགས་བསལ་གྱི་གཞི་བཅོལ་སའང་འཚོ་བ་དང་ཁ་ཐག་ཤིན་ཏུ་ཉེ་ས་ནས་སེམས་ཀྱི་ཚོར་ཤེས་དང་དགའ་སྐྱོ་ཆགས་སྡང་སོགས་རོལ་དབྱངས་ཀྱི་ངོ་བོར་བསྲེས་ནས་ནམ་ཡང་ཁྱོད་ཚོའི་སེམས་སུ་སྦྲང་ཆར་བཞིན་སིམ་སིམ་ཏུ་འབབ་རྒྱུ་དེ་ཡིན།