昨天的故事 作词 : RTDB 作曲 : RTDB 编曲 : Beatstars 制作人 : RTDB 录音 : RTDB 混音 : RTDB 卓宝: དགུན་གྱི་གྲང་རླུང་རེ་རེ་གཡུག་དུས་ཁྱིམ་མི་འཛོམས་པའི་ཉིན་ཏེ་དྲན། བྱིས་དུས་དགོད་སྒྲས་ཁེངས་ས་བརྩེ་བ་ཡོད་སའི་གཞིས་ཁྱིམ་དྲོད་མོ་དྲན། སླར་ཡང་ཕྱིར་ལ་ལོག་དུས་ཕ་དང་ཨ་མར་སོ་སོར་གྱེས་བྲལ་བྱུང་། 委屈满怀 又向谁诉说? གཉོམ་ཆུང་བུ་མོའི་སེམས་པ་སྐྱོ་རུང་གདུང་རུང་ངས་ཡང་སུ་ལ་བརྗོད། ལས་དབང་བཙན་པོ་སྟེ་འགོག་པ་མེད། ལྷན་འཛོམས་སྐལ་པ་སྟེ་བརྗེད་མེད་ཡིན། ཁ་སང་གི་གཏམ་རྒྱུད་ཁྲོད་དུ། དགའ་སྤྲོ་དང་འཛུམ་གྱིས་ཁེངས་ཡང་། ལོ་ཟླ་དང་དུས་ཀྱིས་བསྒྱུར་པའི། མི་མེད་ལམ་དུ་ཁེར་རྐྱང་ལུས། ལས་དབང་བཙན་པོ་སྟེ་འགོག་པ་མེད། ལྷན་འཛོམས་སྐལ་པ་སྟེ་བརྗེད་མེད་ཡིན། ཁ་སང་གི་གཏམ་རྒྱུད་ཁྲོད་དུ། དགའ་སྤྲོ་དང་འཛུམ་གྱིས་ཁེངས་ཡང་། ལོ་ཟླ་དང་དུས་ཀྱིས་བསྒྱུར་པའི། མི་མེད་ལམ་དུ་ཁེར་རྐྱང་ལུས། དགུན་གྱི་གྲང་རླུང་རེ་རེ་གཡུག་དུས་ཁྱིམ་མི་འཛོམས་པའི་ཉིན་ཏེ་དྲན། བྱིས་དུས་དགོད་སྒྲས་ཁེངས་ས་བརྩེ་བ་ཡོད་སའི་གཞིས་ཁྱིམ་དྲོད་མོ་དྲན། སླར་ཡང་ཕྱིར་ལ་ལོག་དུས་ཕ་དང་ཨ་མར་སོ་སོར་གྱེས་བྲལ་བྱུང་། གཉོམ་ཆུང་བུ་མོའི་སེམས་པ་སྐྱོ་རུང་གདུང་རུང་ངས་ཡང་སུ་ལ་བརྗོད། ལས་དབང་བཙན་པོ་སྟེ་འགོག་པ་མེད། ལྷན་འཛོམས་སྐལ་པ་སྟེ་བརྗེད་མེད་ཡིན། ཁ་སང་གི་གཏམ་རྒྱུད་ཁྲོད་དུ། དགའ་སྤྲོ་དང་འཛུམ་གྱིས་ཁེངས་ཡང་། ལོ་ཟླ་དང་དུས་ཀྱིས་བསྒྱུར་པའི། མི་མེད་ལམ་དུ་ཁེར་རྐྱང་ལུས། RT·DB མིག་ཟུང་ལས་མཆི་མ་བཤམ་ཡང་མུ་མཐུད་མདུན་དུ་འགྲོ་དགོས། རྒྱུས་མེད་པའི་ས་མཐའི་ཡུལ་དུ་སྙིང་རྗེས་བཅང་མཁན་གཞན་མེད། མུ་མཐུད་དུ་རྒྱང་ལ་ལྟོས། རང་དགའ་བའི་ལམ་དུ་ཆས། ཕྲག་དོག་དང་ང་རྒྱལ་ཆེ་བའི་ཁྱོད་ཚོ་ནམ་ཡང་རྗེས་སུ་ལུས། མུན་པའི་ལུང་པ་ཞིག་ཏུ་དུས་རྒྱུན་དཀར་བའི་འོད་ཞིག་འཚོལ། ཁྱེད་ཚོས་ཡིད་ཆེས་མི་དགོས་ང་རང་སྔར་བཞིན་མདུན་དུGo rap monely You like me? 别背后蛐蛐f*ck up ཆར་རྗེས་ཀྱི་འཇའ་ཚོན་བཞིན་དུ་རེ་བའི་ཉི་འོད་སྒུག དགོས་པ་མེད་པའི་ཉོག་གཏམ་དེ་དག ཉན་ན་འདོད་པའི་སྤྲོ་བ་མི་འདུག འཚོ་བའི་ཁ་ཕྱོགས་ཅི་འདྲ་བསྒྱུར་ཡང་ལས་དང་རྒྱུ་འབྲས་བརྗེད་མི་སྲིད། མགོ་ནག་གངས་ཕྲུག ཡུལ་ཕྱོགས་གང་དུ་ཆས་རུང་ཕ་ཡུལ་མཛེས་སྡུག་ཡིད་དུ་གནས། དགུན་གྱི་གྲང་རླུང་རེ་རེ་གཡུག་དུས་ཁྱིམ་མི་འཛོམས་པའི་ཉིན་ཏེ་དྲན། བྱིས་དུས་དགོད་སྒྲས་ཁེངས་ས་བརྩེ་བ་ཡོད་སའི་གཞིས་ཁྱིམ་དྲོད་མོ་དྲན། ལས་དབང་བཙན་པོ་སྟེ་འགོག་པ་མེད། སླར་ཡང་ཕྱིར་ལ་ལོག་དུས་ཕ་དང་ཨ་མར་སོ་སོར་གྱེས་བྲལ་བྱུང་། ལྷན་འཛོམས་སྐལ་པ་སྟེ་བརྗེད་མེད་ཡིན། གཉོམ་ཆུང་བུ་མོའི་སེམས་པ་སྐྱོ་རུང་གདུང་རུང་ངས་ཡང་སུ་ལ་བརྗོད། ཁ་སང་གི་གཏམ་རྒྱུད་ཁྲོད་དུ། 委屈满怀 又向谁诉说? དགའ་སྤྲོ་དང་འཛུམ་གྱིས་ཁེངས་ཡང་། ལོ་ཟླ་དང་དུས་ཀྱིས་བསྒྱུར་པའི། མི་མེད་ལམ་དུ་ཁེར་རྐྱང་ལུས།