雪域姑娘 作词 : 李本加 作曲 : 才让东智 ཁ་བ་གངས་རིའི་བུ་མོའི་མཛེས་རྒྱན་ལ།། 美丽的雪域姑娘 ལང་ཚོ་མེ་ཏོག་བཞིན་དུ་སྨིན་ནས་ཡོད།། 青春如花般绽放 སྐྱེ་ལུས་ཚིགས་དྲུག་སྨྱུག་མའི་དྲངས་ཤ་ལ།། 身姿修长如青竹 སྐྲ་ནག་ལྕང་ལོའི་འདབ་མ་ལྡེམ་ནས་ཡོད།། 发丝飘逸如柳条 ཞལ་རས་དུང་གི་ཟླ་བ་སྒོར་སེ་སྒོར།། 面容圆润似皎月 མིག་ཟུང་ཐོ་རེངས་སྐར་ཆེན་དྭངས་སེ་དྭངས།། 眼眸清澈赛星辰 ངེད་ལ་གངས་ཅན་བུ་མོར་འཛོམས་གསུམ་ཡོད།། 这就是我们雪域姑娘 ཁ་བ་གངས་རིའི་བུ་མོའི་ཁྲེལ་གཞུང་ལ།། 美丽的雪域姑娘 བརྩེ་བའི་མཚོ་ཆུང་ནོར་བུ་ལྟེམས་ནས་ཡོད།། 情似湖水般充盈 ཕྱི་ཐག་རྫ་ཆུ་སྔོན་མོའི་བཞུར་རྒྱུན་ལ།། 意如泉水般绵长 ཚེ་གཅིག་ལས་ཀྱི་སྨོན་ལམ་འཁྲུངས་ནས་ཡོད།། 愿此生长久相伴 སྙིང་གཏམ་རབ་དཀར་འོ་མ་ཤག་སེ་ཤག། 共诉彼此的心声 དམ་ཚིག་གསེར་གྱི་མདུད་པ་ཀྱུགས་སེ་ཀྱུག། 还有坚定的誓言 ངེད་ལ་གངས་ཅན་བུ་མོར་འཛོམས་གསུམ་ཡོད།། 这就是我们雪域姑娘