嫁女的悲伤 作词 : 让卓多杰 作曲 : 文都久美桑杰 མ་གནས་འགྲོ་ཞིག་ལ་སེམས་ཁུར་གཉིས། འགྲོ་བསམ་ན་ཕ་མ་བསྐྱུར་དཀའ་འི། འདུག་བསམ་ན་ཆུང་འདྲིས་གཏོང་དཀའ་འི། སེམས་འཁྲུལ་ལེ་བསྡད་ན་ཞེ་རེ་སྨེང་། བུ་མོ་ཡ་བུ་མོ་། བུ་མོ་ཡ་བུ་མོ་། སེམས་འཁྲུལ་ལེ་བསྡད་ན་ཞེ་རེ་སྨེང་། མ་གནས་འགྲོ་ཞིག་ལ་སེམས་ཁུར་གཉིས། འགྲོ་བསམ་ན་ཕ་ས་བསྐྱུར་དཀའ་འི། འདུག་བསམ་ན་བུ་མོ་དབང་ཆུང་ཀི སེམས་འཁྲུལ་ལེ་བསྡད་ན་ཞེ་རེ་སྨེང་། བུ་མོ་ཡ་བུ་མོ་། བུ་མོ་ཡ་བུ་མོ་། སེམས་འཁྲུལ་ལེ་བསྡད་ན་ཞེ་རེ་སྨེང་། མ་གནས་འགྲོ་ཚང་མ་གནམ་གྱིས་སྲུངས། སྐྱིད་ཅི་ཡོད་མ་བསྐྱུར་གནས་ལ་ཁྱེར། གཡང་ཅི་ཡོད་མ་ཁྱེར་ཡུལ་ནས་ཞོག མ་གནས་འགྲོའི་བསམ་དོན་གནས་ནས་འགྲུབ། བུ་མོ་ཡ་བུ་མོ་། བུ་མོ་ཡ་བུ་མོ་། མ་གནས་འགྲོའི་བསམ་དོན་གནས་ནས་འགྲུབ། བུ་མོ་ཡ་བུ་མོ་། བུ་མོ་ཡ་བུ་མོ་། མ་གནས་འགྲོའི་བསམ་དོན་གནས་ནས་འགྲུབ། མ་གནས་འགྲོའི་བསམ་དོན་གནས་ནས་འགྲུབ།