唱首歌 作词 : 巴赞久 作曲 : 多杰东周 编曲 : 小强 ངས་དེ་རིང་ཁྱེད་ཚོ་གླུ་ཞིག་ལེན༎ གླུ་དང་པོ་ཁ་བས་ལྗོངས་ལ་ལེན༎ ནང་ཕུ་ནུ་འཛོམས་པས་གླུ་ཞིག་ལེན།། འདི་ཡང་ཡང་འཛོམས་བའི་སྨོན་ལམ་བདེབས༎ ནང་ཕུ་ནུ་འཛོམས་པས་གླུ་ཞིག་ལེན།། འདི་ཡང་ཡང་འཛོམས་བའི་སྨོན་ལམ་བདེབས༎ ངས་དེ་རིང་ཁྱེད་ཚོ་གླུ་ཞིག་ལེན༎ གླུ་གཉིས་པ་རྒྱང་རིང་ཡུལ་ལ་ལེན༎ སྐུ་མགྲོན་པོ་དད་པའི་གླུ་ཞིག་ལེན།། འདི་ཡང་ཡང་འཇལ་བའི་སྨོན་ལམ་འདེབས།། སྐུ་མགྲོན་པོ་དད་པའི་གླུ་ཞིག་ལེན།། འདི་ཡང་ཡང་འཇལ་བའི་སྨོན་ལམ་འདེབས།། ངས་དེ་རིང་ཁྱེད་ཚོ་གླུ་ཞིག་ལེན༎ གླུ་གསུམ་པ་གྲོགས་པོ་ཡོངས་ལ་ལེན།། ཕ་མེས་པོ་ཚོ་ལ་གླུ་ཞིག་ལེན།། འདི་ཡང་ཡང་དྲན་པའི་སྨོན་ལམ་འདེབས། ཕ་མེས་པོ་ཚོ་ལ་གླུ་ཞིག་ལེན།། འདི་ཡང་ཡང་དྲན་པའི་སྨོན་ལམ་འདེབས། ཕ་མེས་པོ་ཚོ་ལ་གླུ་ཞིག་ལེན།། འདི་ཡང་ཡང་དྲན་པའི་སྨོན་ལམ་འདེབས།