宝贵的生命 作词 : 夏多仁桑 作曲 : 阿曲贡保当智 ཚེ་སྲོག་གི་ཁ་ཟས། གཞས་ཚིག ཨ་རིག་དགེ་ཆོས གཞས་གདངས། བསང་གསེར་མིག གཞས་མ། ཧོར་གཙང་ལྷ་ལུང་མཚོ། ~ རང་དབང་ཞི་བདེ་གླེང་བའི་མི་རིགས་ཚོ།། འདྲ་མཉམ་ཐོབ་ཐང་སེམས་ཅན་ཀུན་ལ་དགོས།། གཅིག་ཤ་གཅིག་གིས་ཟ་བའི་སྲོལ་རྒྱུན་དེ།། དྲང་བདེན་གནས་ལུགས་ལྡན་ནམ་བསམ་བློས་དཔྱོད།། ~ རང་གི་ཚེ་སྲོག་གཅེས་ཤིང་ཕངས་པ་ལྟར།། གཞན་གྱི་ཚེ་སྲོག་རང་དང་གཅིག་མཚུངས་ཡིན། དེས་ན་ཉམ་ཆུང་དུད་འགྲོའི་གཅེས་པའི་སྲོག། ཡོད་ཚད་བཟའ་བར་རུང་ངམ་མི་བུ་ཚོ།། ~ ཨ་ཧ་ཧ……ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ (×2) ~~~ དམར་ནག་ཁྲག་མཚོ་ཁོལ་མའི་བཤས་ར་ན།། ཉམ་ཆུང་དྲིན་ཆེན་མ་ལོའི་གཅེས་པའི་སྲོག། གསོན་རྐེ་གྲི་ཡིས་བཅད་པའི་ན་ཟུག་གིས།། སྡུག་གི་སྨྲེ་ངག་འདོན་པ་བཟོད་ནུས་སམ།། ~ འདི་ནི་ཉམ་ཆུང་དུད་འགྲོའི་མགྲིན་ཚབ་ཡིན།། འདི་ནི་རྣམ་དག་སེམས་ཀྱི་བདེན་གཏམ་ཡིན།། འདི་ནི་ལྷག་བསམ་གཙང་མའི་འབོད་སྐུལ་ཡིན།། འདི་ནི་འཚེ་མེད་ཞི་བདེའི་ལམ་སྟོན་ཡིན།། ~ ཨ་ཧ་ཧ……ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ (×3) ~