阿爸 作词 : 韶杰 作曲 : 旺堆彭措 阿爸(༄༅།།ཨ་ཕ་ལགས་།།)-呷让东周 词:韶杰ཧྲོའི་ཅེ་ 曲:旺堆彭措དབང་འདུས་ཕུན་ཚོགས་ མཁའ་མཐའི་མཚམས་སྤྲིན་དམར་པོ་དེ་མཐོང་དུས་།། ཁྱེད་དང་འགྲོགས་པའི་མཛེས་སྡུག་གི་ལོ་ཟླ་དག་དྲན་།། ལོ་དང་ཟླ་བ་ཅི་ལྟར་འཁོར་ན་ཡང་།། ཁྱེད་ཀྱི་བརྩེ་བ་དེ་ངས་མ་རྟོགས་།། ངའི་བྱམས་ལྡན་ཀྱི་ཨ་ཕ་ལགས་།། སླར་ཡང་ཁྱེད་ཀྱི་ཕྱག་ཐེངས་གཅིག་འཁྱུད་འདོད་འང་།། ཁྱེད་རྒྱང་དུ་བཞུད་ཀྱང་།། གདུང་བའི་མིག་ཆུ་མཛེས་སྡུག་གི་རླུང་རྟར་བཏབས་ཡོད་།། འུན ཟླ་བསིལ་ཟེར་འོག་ན་མཛེས་སྡུག་གི་གྲིབ་གཟུགས་གཅིག་།། སྙན་འཇེབས་ཀྱི་གདུང་དབྱངས་སྔར་བཞིན་གཏོང་།། ཟླ་བསིལ་ཟེར་འོག་ན་རྒྱུས་ཡོད་ཀྱི་གྲིབ་གཟུགས་གཅིག་།། ཁུ་སུམ་ངང་ཁྱེད་ལ་སྒུག་་ཨོ་ ཟླ་བསིལ་ཟེར་འོག་ན་རྒྱུས་ཡོད་ཀྱི་གྲིབ་གཟུགས་ཅིག་།། སྙན་འཇེབས་ཀྱི་གདུང་དབྱངས་སྔར་བཞིན་གཏོང་།། ཟླ་བསིལ་ཟེར་འོག་ན་མཛེས་སྡུག་གི་གྲིབ་གཟུགས་ཅིག་ ཐོ་རེངས་འཛུམ་གྱིས་ཕྱེས་།།