岗拉梅朵 作词 : 多布、晋美多杰 作曲 : 多布 གངས་ལྷ་མེ་ཏོག ཆེད་བསྒྲིགས། གངས་ལྷ་མེ་ཏོག གླུ་པ། སྟོབས། དབྱངས། སྟོབས། ཚིག སྟོབས་དང་འཇིགས་མེད། རོལ་དབྱངས་བསྒྲིགས་བཟོ། སྤུན་ཟླའི་སྤྱི་གཉེར་ཁང་གི་ཞའོ་ཧྥཎ། ཆར་སིམ་སིམ་བབས་པའི་མཚན་མོ་དེ་ལ། ངས་ཡིད་སེམས་ལྷོད་ལ་ཕབ་ནས་བར་སྐོར་དུ་ཕྱིན། བར་སྐོར་ནང་གི་མི་ཚོགས་མང་པོའི་ནང་དུ། ངས་དམ་བཅའ་བརྟན་པོའི་ངང་ནས་སྨོན་ལམ་ཞིག་རྒྱབ། འོད་ཆེམ་ཆེམ་ལྷ་སའི་མཚན་མོའི་ལྗོངས་ལ། ངའི་སེམས་ཀྱི་གངས་ལྷ་མེ་ཏོག་དྲན་བྱུང་། གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག རླུང་བུ་སིལ་སིལ་གདངས་བའི་ཞོགས་པ་དེ་ལ། ངས་མདངས་ནུབ་རྨི་ལམ་བསམ་བཞིན་ཇ་ཁང་དུ་ཕྱིན། ཇ་ཁང་ནང་གི་མི་ཚོགས་མང་པོའི་ནང་དུ། གསོལ་ཇ་མངར་མོའི་དྲི་ཞིམ་དེ་ནི་གང་ས་རུ་ཁྱབ། ལྷོད་ཤིག་ཤིག་ཉི་འོད་ལྷ་སའི་ལྗོངས་ལ། ངའི་སེམས་ཀྱི་གངས་ལྷ་མེ་ཏོག་དྲན་བྱུང་། ངའི་སེམས་ཀྱི་གངས་ལྷ་མེ་ཏོག་དྲན་བྱུང་། གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག གངས་ལྷ་མེ་ཏོག གོམ་པ་དེ་ག་ལེར་ག་ལེར་སྤོས་ནས། ཕྱག་བསྐོར་གྱི་སྐད་སྒྲ་སྙན་པོ་ཐོས་བྱུང་། གློག་འོད་ཀྱི་འོད་མདངས་དེ་ཡི་འཕྲོད་དུ། གསང་སྤོས་ཀྱི་དུ་བ་དེ་འདྲའི་ཡིད་དབང་འཕྲོག་པ་ལ། རྟེན་འབྲེལ་གྱི་རྨི་ལམ་དེ་ཡི་ནང་དུ། མཛེས་ལྡན་གྱི་གངས་ལྷ་མེ་ཏོག་དྲན་བྱུང་། མཛེས་ལྡན་གྱི་གངས་ལྷ་མེ་ཏོག་དྲན་བྱུང་།