玉雄 作词 : 多布 作曲 : 多布 ༼ གཡུ་གཞོང་ ༽ ཚིག་ གདངས་ རྡོ་པོ་ རོལ་དབྱངས་བསྒྲིགས་བཟོ་ སྤུན་ཟླའི་ཀུང་སིའི་ཞའོ་ཧྥན་ སྒྲ་བཅུགས་མཁན་ སྤུན་ཟླའི་ཀུང་སིའི་ཞའོ་སྒུང་ བྱང་གི་ལ་གཉན་ཆེན་ཐང་ལྷ་ མ་ཡུམ་ལ་མཛེས་སྡུག་ལྡན་པའི་གནམ་མཚོ་ཕྱུག་མོ་ do do do do do do do do གཡུ་གཞོང་གི་ལུང་པ་དེ་ནི་ང་ཡི་ཕ་ཡུལ་ ཡུལ་གྲུ་དེ་ཡི་མཐའ་བསྐོར་ནི་རི་བོའི་རྒྱན་ནས་དབུས་ནི་རྩ་ཐང་ གཡུ་གཞོང་གི་ལུང་པ་དེ་ནི་ང་ཡི་ཕ་ཡུལ་ རྩ་ཐང་སྟེང་གི་ནོར་ལུག་ནི་མུ་མཐའ་མེད་པ་གཡུ་ཡི་རྒྱན་ཆ་ དགུང་སྔོ་བསངས་ནམ་མཁའི་སྟེང་དུ་སྤྲིན་དཀར་པོའི་ཉམས་འགྱུར་ལྡན་ ཁྲི་གདུགས་ཉི་མའི་འོད་ཟེར་འཕྲོད་དུ་ཚེ་སྲོག་ཐམསཅད་གཉིད་ལས་སད་ ས་དེ་ཡི་མི་ཚོགས་རྣམས་ནི་བབས་ཆགས་སེམས་བཟང་བདེ་སྐྱིད་ལྡན་ བློ་རིག་བཀྲ་བའི་བྱིས་པ་ཆུང་ཆུང་མེས་པོའི་ཤེས་བཟང་བརྒྱུད་འཛིན་བྱས་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་་་་་་་་་ཨོ་་་་་་་་་ཆུང་བྱིས་པའི་སྐབས་ཀྱི་འཚོ་བ་དེ་ཚོ་ད་ལྟ་སེམས་ལ་དྲན་བཞིན་དུ ་དགའ་ཚོར་ཡིད་ལ་སྐྱེ་བཞིན་དུ།མཛེས་སྡུག་ལྡན་པའི་སེར་ཆེན་མེ་ཏོག་གང་སར་ཁྱབ། གསུང་སྐད་སྙན་པའི་འཇོལ་མོའི་དབྱངས་སྒྲ་སྙན་འཇེབས་ལྡན་པ་གང་སར་ཁྱབ།ཡིད་དབང་འཕྲོག། ཆུང་བྱིས་པའི་སྐབས་ཀྱི་དྲིན་ཆེན་ཕ་མའི་བསླབ་བྱ་དེ་ཚོ་དྲན་བཞིན་དུ་འགྲོ་དྲུག་ཡིད་ལ་བསམ་བཞིན་དུ ངོ་མཚར་ཅན་གྱི་དགོན་སྡེ་མང་པོ་གང་སར་ཆགས། བུ་ངའི་སེམས་པ་འདམ་གཡུ་གཞོང་ལུང་པ་དེ་ལ་སེམས་པ་ཆགས། do do do do do do do do གཡུ་གཞོང་གི་ལུང་པ་དེ་ནི་ང་ཡི་ཕ་ཡུལ་ ཡུལ་གྲུ་དེ་ཡི་མཐའ་བསྐོར་ནི་རི་བོའི་རྒྱན་ནས་དབུས་ནི་རྩ་ཐང་ གཡུ་གཞོང་གི་ལུང་པ་དེ་ནི་ང་ཡི་ཕ་ཡུལ་ རྩ་ཐང་སྟེང་གི་ནོར་ལུག་ནི་མུ་མཐའ་མེད་པ་གཡུ་ཡི་རྒྱན་ཆ་ དགུང་སྔོ་བསངས་ནམ་མཁའི་སྟེང་དུ་སྤྲིན་དཀར་པོའི་ཉམས་འགྱུར་ལྡན་ ཁྲི་གདུགས་ཉི་མའི་འོད་ཟེར་འཕྲོད་དུ་ཚེ་སྲོག་ཐམསཅད་གཉིད་ལས་སད་ ས་དེ་ཡི་མི་ཚོགས་རྣམས་ནི་བབས་ཆགས་སེམས་བཟང་བདེ་སྐྱིད་ལྡན་ བློ་རིག་བཀྲ་བའི་བྱིས་པ་ཆུང་ཆུང་མེས་པོའི་ཤེས་བཟང་བརྒྱུད་འཛིན་བྱས་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་ ཨོ་་་་་་་་་ཨོ་་་་་་་ ཆུང་བྱིས་པའི་སྐབས་ཀྱི་དྲིན་ཆེན་ཕ་མའི་བསླབ་བྱ་དེ་ཚོ་དྲན་བཞིན་དུ་འགྲོ་དྲུག་ཡིད་ལ་བསམ་བཞིན་དུ ངོ་མཚར་ཅན་གྱི་དགོན་སྡེ་མང་པོ་གང་སར་ཆགས། བུ་ངའི་སེམས་པ་འདམ་གཡུ་གཞོང་ལུང་པ་དེ་ལ་སེམས་པ་ཆགས། do do do do do do do do བྱང་གི་ལ་གཉན་ཆེན་ཐང་ལྷ་ མ་ཡུམ་ལ་མཛེས་སྡུག་ལྡན་པའི་གནམ་མཚོ་ཕྱུག་མོ། ཡབ་ཆེན་ལ་གཉན་ཆེན་ཐང་ལྷ་ མ་ཡུམ་ལ་བྱང་སེམས་ཅན་གྱི་གནམ་མཚོ་ཕྱུག་མོ། 歌词大意:《玉雄》