阿咪布 作词 : 东日慕塔 作曲 : 南措 南措-阿咪布 作词:东日慕塔 作曲:南措 ཆུང་བྱིས་པའི་དུས་ཀྱི་བུ་ཕྲུག་ཚོ།། ཉལ་མ་འདུག་ཤེས་རིག་གླིང་ལ་སོང་། བློ་རིག་པའི་བང་རྩལ་འགྲན་དུ་སོང་ རང་ཕ་སྐད་མ་ཡིག་ལེན་དུ་སོང་། རང་རིག་གནས་མ་བརྗེད་ཨ་མའི་བུ། ལས་སྟོབས་ཤུགས་འགྲན་པའི་སྟག་ཤར་ཚོ། རང་མཛེས་ལྡན་ཁོར་ཡུག་སྲུང་སྐྱོབ་དགོས། རང་སྲོལ་རྒྱུན་བཟང་པོ་རྒྱུན་སྐྱོངས་བྱོས། ནང་སྤུན་ཟླས་མཐུན་སྒྲིལ་དམ་དུ་སྦྲེལ། རང་མི་རིགས་མ་བརྗེད་ཨ་མའི་བུ། ལུས་སྐྱེས་ཡག་སྨན་ཤར་བུ་མོ་ཚོ། སེམས་གཤིས་ཀ་བལ་ལས་འཇམ་འཇམ་བྱོས། དྲིན་ཕ་མ་བྱམས་དང་བརྩེ་བས་སྐྱོངས། བུ་བུ་ཕྲུག་ཁ་ཏ་སློབ་གསོ་ཐོངས། བོད་གཤིས་བཟང་མ་བརྗེད་ཨ་མའི་བུ།