福音 作词 : 嘉央 作曲 : 嘉央 རེ་སྐུལ་གྱི་སྒྲ་དབྱངས། ད་ལྟ་ན་གཞོན་བོད་རིགས་ཀྱི་སློབ་མ། རྒྱལ་ཁམས་མང་པོའི་ནང་དུ་སློབ་གྲྭ་ལ་ཆས་ཀྱང་། ང་ཚོ་མི་རིགས་འདིའི་ལ་རྒྱ། ནམ་ཡང་སེམས་ནས་མ་བརྗེད་གདོང་དམར་གྱི་སློབ་བུ། ང་ཚོས་སློབ་སྦྱོང་ཧུར་བརྩོན་བྱས་ནས། མ་འོངས་གངས་ཅན་བོད་ཀྱི་རིག་གཞུང་གི་ཐོག་ལ། གསལ་བའི་སྒྲོན་མེ་འཆར་བའི་དམ་བཅའ་དགོས། ཕ་ཡུལ་གངས་ལྗོངས་བཞུགས་པའི་གདོང་དམར་གྱི་སློབ་བུ། ང་ཚོའི་སྙིང་ན་ཡོད་པའི་ནོར་བུ། སེམས་ནས་མ་བརྗེད་རིག་བཟང་བོད་རིགས་ཀྱི་སྤུན་ཟླ། དབུ་ཐོག་གསལ་བའི་ཉི་མ་དེ་དྲོད་མོ། རྩ་བའི་བླ་མའི་མཛུམ་ཞལ་ཡིན་གདོང་དམར་གྱི་བོད་པ། གླུ་ཚིག་ཕབ་མཁན་སེང་ཨ་མཚོ།