藏歌联唱 作词 : 民间 作曲 : 民间 བོད་གླུ་བསྟུད་ལེན། རྟེན་འབྲེལ། ཚིག་དང་དབྱངས། དམངས་ཁྲོད། ལེན་མཁན། པདྨ་མཚོ། གངས་སེང་དཀར་མོ་གཉིས་ཀ་གངས་ལ་མི་འདུག་མ་བསམ། ལ་རྒྱའི་གཡུ་རལ་སྔོན་མོ་ངོམས་རྒྱུ་མི་འདུག་མ་བསམ། སེང་དཀར་མོ་གངས་ལ་འགྱིང་བ་རྟེན་འབྲེལ་བཟང་པོ་རེད། ཁ་བཏགས་དཀར་པོ་གངས་སེང་ཁྱེད་ལ་མཇལ་དར་ཕུལ་ཡོད། ༜༜༜ སྔོ་ལྗང་ལྗང་ས་ཆ་དེ་ལ་ཁྲ་ལམ་མེར་མེ་ཏོག་བཞད་འདུག ང་ཡི་ཕ་ཡུལ་ཨ་མདོ་དྲན་བྱུང་། དུས་སྐབས་དེ་དང་བསྟུན་ནས་སེམས་དགའ་དགའ་སྐྱིད་པོ་བསམ་ན་ཡང་། སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི ༜༜༜ གངས་སེང་དཀར་མོ་གཉིས་ཀ་གངས་ལ་མི་འདུག་མ་བསམ། ལ་རྒྱའི་གཡུ་རལ་སྔོན་མོ་ངོམས་རྒྱུ་མི་འདུག་མ་བསམ། སེང་དཀར་མོ་གངས་ལ་འགྱིང་བ་རྟེན་འབྲེལ་བཟང་པོ་རེད། ཁ་བཏགས་དཀར་པོ་གངས་སེང་ཁྱེད་ལ་མཇལ་དར་ཕུལ་ཡོད། སྔོ་ལྗང་ལྗང་ས་ཆ་དེ་ལ་ཁྲ་ལམ་མེར་མེ་ཏོག་བཞད་འདུག ང་ཡི་ཕ་ཡུལ་ཨ་མདོ་དྲན་བྱུང་། དུས་སྐབས་དེ་དང་བསྟུན་ནས་སེམས་དགའ་དགའ་སྐྱིད་པོ་བསམ་ན་ཡང་། སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི སྐྱོ་ལྷང་ལྷང་མིག་ཆུ་འཐོར་གི ༜༜༜