藏家姑娘 བོད་ཀྱི་བུ་མོ། ནོར་བུ་རིན་ཆེན། བཀྲ་ཤིས་བདེ་ལེགས། ཁྱེད་རང་ག་རེ་གནང་གི་ཡོད། ང་དགའ་རོགས་སྒུག་ནས་བསྡད་ཡོད། དགའ་རོགས་བོད་རིགས་བུ་མོ་རེད་དམ། ཡིན་དང་ཡིན། བོད་རིགས་བུ་མོ་གང་འདྲ་ཞིག་ཡོད་རེད། ངས་ཁྱེ་རང་ལ་བོད་རིག་ས་བུ་མོར་འགྲེལ་བཤད་ཐུང་ཐུང་ཞིག་བསྐྱོན། ཁྱེད་རང་གིས་གསོན་ཨང་། བོད་ཆས་སྤྲས་ནས་བོད་སྐད་བསྐྱོན་གྱིས། གངས་ལྗོངས་བོད་ཀྱི་བུ་མོ། ཁྱེད་ནི་གངས་རི་དཀར་པོའི་མེ་ཏོག། གངས་ཅན་བོད་མིའི་ཡ་རབས་སྲོལ་བཟང་ཡིན། དྲང་སེམས་བསྐྱེད་ནས་མི་ཚེར་དུང་བ། གངས་ལྗོངས་བུ་མོའི་མཛེས་རྒྱན། ཁྱེད་ནི་གངས་ལྗོངས་ཨ་མའི་བུ་མོ། གངས་ཅན་བོད་མིའི་གཟི་བརྗིད་ཅིག་དང་འདྲ། ཕྱུར་བ་མར་དང་ཐུད་ཀྱིས་གསོས་པའི། བུ་མོ་ཁྱེད་ཀྱི་ལངས་ཚོ། དབྱར་ཆུ་གངས་ཆུ་རྫ་ཆུས་བཀྲུས་པའི། བུ་མོ་ཁྱེད་ཀྱི་མཛེས་སྡུག། ཕྱུ་པ་སྣམ་བུ་སྤུ་ཕྲུག་རྒྱན་པའི། ཁྱེད་ཀྱི་སྐུ་གཟུགས། ཤམ་བྷ་ལ་ཡི་ཡུལ་དུ་འཁྲུངས་བའི། བུ་མོ་ཡིད་འཕྲོག་ལྷ་མོ། ཁེངས་དྲེགས་སྤངས་ནས་གཞན་ཕན་བསྒྲུབས་པ། གངས་ལྗོངས་བུ་མོའི་གཤིས་ཀ། ཁྱེད་ནི་གངས་རི་དཀར་པོའི་གངས་ཆུ། གངས་ལྗོངས་ཨ་མའི་ནུ་ཞོ་ཞིག་དང་འདྲ། སེར་སྣ་སྤངས་ནས་སྦྱིན་པ་སྒྲུབ་པ། གངས་ལྗོངས་བུ་མོའི་ཁྱད་ཆོས། ཁྱེད་ནི་གངས་རི་དཀར་པོའི་གྲང་ངར། གངས་ལྗོངས་ཨ་མའི་རང་གཤིས་ཤིག་དང་འདྲ། ཕྱུར་བ་མར་དང་ཐུད་ཀྱིས་གསོས་པའི། བུ་མོ་ཁྱེད་ཀྱི་ལངས་ཚོ། དབྱར་ཆུ་གངས་ཆུ་རྫ་ཆུས་བསྐྲུན་པའི། བུ་མོ་ཁྱེད་ཀྱི་མཛེས་སྡུག། ཕྱུ་པ་སྣམ་བུ་སྤུ་ཕྲུག་རྒྱན་པའི། ཁྱེད་ཀྱི་སྐུ་གཟུགས། ཤམ་བྷ་ལ་ཡི་ཡུལ་དུ་འཁྲུངས་བའི། བུ་མོ་ཡིད་འཕྲོག་ལྷ་མོ། བོད་ཆས་སྤྲས་ནས་བོད་སྐད་བསྐྱོན་གྱིས། གངས་ལྗོངས་བོད་ཀྱི་བུ་མོ། ཁྱེད་ནི་གངས་རི་དཀར་པོའི་མེ་ཏོག། གངས་ཅན་བོད་མིའི་ཡ་རབས་སྲོལ་བཟང་ཡིན། དྲང་སེམས་བསྐྱེད་ནས་མི་ཚེར་དུང་བ། གངས་ལྗོངས་བུ་མོའི་མཛེས་རྒྱན། ཁྱེད་ནི་གངས་ལྗོངས་ཨ་མའི་བུ་མོ། གངས་ཅན་བོད་མིའི་གཟི་བརྗིད་ཅིག་དང་འདྲ། ཁྱེད་ནི་གངས་ལྗོངས་ཨ་མའི་བུ་མོ། གངས་ལྗོངས་བོད་མིའི་གཟི་བརྗིད་ཅིག་དང་འདྲ། ཁྱེད་ནི་གངས་ལྗོངས་ཨ་མའི་བུ་མོ། གངས་ཅན་བོད་མིའི་གཟི་བརྗིད་ཅིག་དང་འདྲ། འོ་ཡ། གྲོགས་པོ། ཁྱེད་རང་གིས་མ་བརྗེད་པ་གནང་ཨང་། དེ་ནས་ང་འགྲོ་ཡི་ཡིན། ཡ་ཡ། བཀྲ་ཤིས་བདེ་ལེགས།