生命之源 ཚེ་སྲོག་གི་འབྱུང་རྩ། 作词 : 白玛旦增 作曲 : 白玛旦增 ཚིག པདྨ་བསྟན་འཛིན། གདངས། པདྨ་བསྟན་འཛིན། ལེན་མཁན། པདྨ་བསྟན་འཛིན་དང་ནོར་སྒྲོན། ༡ ས་མཐོའི་སྟེང་གི་རྡོ་རྐང་གཅིག་ཡིན་ན་ཡང་། དེ་ནི་ས་གཞི་རིལ་མོའི་ནོར་བུ་ཡིན། གངས་རིའི་སྟེང་གི་ཆུ་ཐིགས་གཅིག་ཡིན་ན་ཡང་། དེ་ནི་ང་ཚོའི་ཚེ་སྲོག་གི་འབྱུང་རྩ་ཡིན། རི་སྔོན་པོ་ཆུ་དྭངས་མོ། དེ་ནི་གསེར་རི་དངུལ་རི་ཡིན་ལ། གངས་རི་དང་འཁྱགས་རོམ་ཡང་། རྩ་ཆེ་བའི་གསེར་རི་དངུལ་རི་ཡིན། ས་ཆུ་མེ་རླུང་བཞི་ལས་གྲུབ་པའི། ས་གཞིའི་སྟེང་གི་ཡོད་ཚད་ཚང་མ། རིན་ཐང་བྲལ་བའི་ནོར་བུ་ཡིན་པས། དེ་ལ་གཅེས་འཛིན་བྱེད་རྒྱུ་ང་ཚོའི་འོས་འགན། ༢ རྩྭ་ཐང་སྟེང་གི་རྩྭ་རྐང་གཅིག་ཡིན་ན་ཡང་། དེ་ནི་སྔོ་ལྗང་གི་ལང་ཚོ་རེད། གོ་ལའི་སྟེང་གི་འབུ་སྲིན་གཅིག་ཡིན་ན་ཡང་། དེ་ནི་ང་ཚོ་མིའི་རིགས་ཀྱི་གྲོགས་པོ་ཡིན། བྱ་སྲེག་པ་གླང་པོ་ཆེ། ཁོ་གཉིས་བརྩེ་བའི་གཅེན་གཅུང་ཡིན་ལ། རི་བོང་དང་སྤྲེའུ་ནི། ཤ་ཚ་བའི་གྲོགས་པོ་བློས་ཐུབ་ཡིན། མཐུན་པ་སྤུན་བཞི་ལྟ་བུའི་བརྩེ་བ། ང་ཚོ་མི་དང་སྲོག་ཆགས་བར་ལ། རིན་ཐང་བྲལ་བའི་ནོར་བུ་ཡིན་པས། དེ་ལ་གཅེས་འཛིན་བྱེད་རྒྱུ་ང་ཚོའི་འོས་འགན། ས་ཆུ་མེ་རླུང་བཞི་ལས་གྲུབ་པའི། ས་གཞིའི་སྟེང་གི་ཡོད་ཚད་ཚང་མ། རིན་ཐང་བྲལ་བའི་ནོར་བུ་ཡིན་པས། དེ་ལ་གཅེས་འཛིན་བྱེད་རྒྱུ་ང་ཚོའི་འོས་འགན། དེ་ལ་སྲུང་སྐྱོབ་བྱེད་རྒྱུ་ང་ཚོའི་འོས་འགན།