进取 作词 : 道锐 作曲 : 道锐 ཡར་འགྲོ། ཚིག རྡོ་རེད། དབྱངས། རྡོ་རེད། ལེན་མཁན། མགོན་པོ་བསམ་གྲུབ། ཡར་འགྲོ། ཡར་འགྲོ་ཡར་འགྲོ་ཡ་རབས་ཁྱིམ་ལ་ཡར་འགྲོ།། ཡར་འགྲོ། ཡ་རབས་ཁྱིམ་ལ་ཡ་རབས་སྤྱོད་པ་སྦྱོང་འགྲོ།། རྒན་པ་བཀུར་བསྟི་ཆུང་བར་བྱམས་སྐྱོང་སྦྱོང་འགྲོ། ཡར་འགྲོ། ཡ་རབས་ཚང་གི་ཡ་རབས་མགྲོན་པོ་བྱེད་འགྲོ། ࿄࿄࿄ ཡར་འགྲོ། ཡར་འགྲོ་ཡར་འགྲོ་ཕྱུག་པོའི་ལོ་ལྷས་ལ་ཡར་འགྲོ།། ཡར་འགྲོ། ཕྱུག་པོའི་སླས་ལ་ཕྱུགས་ཀྱི་འཕེལ་ཀ་ཡར་འགྲོ། ཕྱུགས་ཀྱི་འཕེལ་ཀ་ཕྱུགས་ཀྱི་གཡང་ལྷ་བསྟོད་འགྲོ། ཡར་འགྲོ། ཕྱུགས་ཀྱི་གཡང་ལྷ་བོད་ཁམས་ཡོངས་ལ་འཕེལ་འགྲོ། ࿄࿄࿄ ཡར་འགྲོ། ཡར་འགྲོ་ཡར་འགྲོ་གངས་ཅན་ཡུལ་ལ་ཡར་འགྲོ། ཡར་འགྲོ། གངས་ཅན་ཡུལ་ལ་རིག་གནས་ཤེས་བྱ་སྦྱོང་འགྲོ། གངས་ཅན་རིག་གནས་འཛམ་བུའི་གླིང་ལ་སྤེལ་འགྲོ། ཡར་འགྲོ། གངས་ཅན་བོད་མིའི་ཁ་ལས་རླུང་རྟ་ཡར་འགྲོ། RengTsing