阿妈长寿 作词 : 卡岗.䇝帮 作曲 : 云丹贡布 ཨ་མ་ཚེ་རིང་ལོ་བརྒྱ། ཚིག། ཁ་སྒང་སྤྱན་འབངས། དབྱངས། ཡོན་ཏན་མགོན་པོ། ལེན་མཁན། མགོན་པོ་བསམ་གྲུབ། ࿄࿄࿄ སྐྱིད་སྡུག་གང་ལ་འཕྲད་ཀྱང་། ཐུགས་སེམས་བུ་ལ་འཁོར་བའི། དྲིན་ཅན་མ་ལོ། བྱམས་བརྩེའི་བདག་མོ། ཨ་མ་ཚེ་རིང་ལོ་བརྒྱ། ཞོགས་པའི་ལྷ་བསང་ཁྲོད་ན། དད་སེམས་རུམ་གང་ཁྱེར་ནས། བུ་ང་ལ་སྨོན་འདུན་ཞུས་ཡོད། སྐྱིད་སྡུག་འཚོ་བའི་ཁྲོད་ནས། དགའ་སྐྱིད་བུ་ལ་གནང་བའི། དྲིན་ཅན་མ་ལོ། བྱམས་བརྩེའི་བདག་མོ། ཨ་མ་ཚེ་རིང་ལོ་བརྒྱ། སྒྲོལ་མའི་གསོལ་འདེབས་ཁྲོད་ན། ཚེ་བསོད་རུམ་གང་ཁྱེར་ནས། བུ་ང་ལ་བདེ་སྐྱིད་བསུས་ཡོད། ཚེ་བསོད་རུམ་གང་ཁྱེར་ནས། བུ་ང་ལ་བདེ་སྐྱིད་བསུས་ཡོད། ࿄࿄࿄ སྐྱིད་སྡུག་གང་ལ་འཕྲད་ཀྱང་། ཐུགས་སེམས་བུ་ལ་འཁོར་བའི། དྲིན་ཅན་མ་ལོ། བྱམས་བརྩེའི་བདག་མོ། ཨ་མ་ཚེ་རིང་ལོ་བརྒྱ། ཞོགས་པའི་ཉི་ཟེར་ཁྲོད་ན། རེ་བ་རུམ་གང་ཁྱེར་ནས། བུ་ང་ལ་སྐྱེལ་མ་གནང་ཡོད། སྐྱིད་སྡུག་འཚོ་བའི་ཁྲོད་ནས། དགའ་སྐྱིད་བུ་ལ་གནང་བའི། དྲིན་ཅན་མ་ལོ། བྱམས་བརྩེའི་བདག་མོ། ཨ་མ་ཚེ་རིང་ལོ་བརྒྱ། དགོང་ཁའི་མཚམས་སྤྲིན་ཁྲོད་ན། སྙིང་གཏམ་རུམ་གང་ཁྱེར་ནས། བུ་ང་སྤྱན་གྱིས་འཚོས་ཡོད། སྙིང་གཏམ་རུམ་གང་ཁྱེར་ནས། བུ་ང་སྤྱན་གྱིས་འཚོས་ཡོད། ࿄࿄࿄ སྐྱིད་སྡུག་འཚོ་བའི་ཁྲོད་ནས། དགའ་སྐྱིད་བུ་ལ་གནང་བའི། དྲིན་ཅན་མ་ལོ། བྱམས་བརྩེའི་བདག་མོ། ཨ་མ་ཚེ་རིང་ལོ་བརྒྱ། དགོང་ཁའི་མཚམས་སྤྲིན་ཁྲོད་ན། སྙིང་གཏམ་རུམ་གང་ཁྱེར་ནས། བུ་ང་སྤྱན་གྱིས་འཚོས་ཡོད། སྙིང་གཏམ་རུམ་གང་ཁྱེར་ནས། བུ་ང་སྤྱན་གྱིས་འཚོས་ཡོད། RengTsing文化传媒