因果 作词 : 松让降措 作曲 : 吉秋夺基 ལས་འབྲས། ཚིག གསུང་རབ་རྒྱ་མཚོ། དབྱངས། སྐྱེད་མཆོག་རྡོ་རྗེ། ལེན་མཁན། མགོན་པོ་བསམ་གྲུབ། ࿄࿄࿄ དལ་འབྱོར་གྱི་མི་ལུས་རིན་ཆེན།། གསེར་དངུལ་གྱིས་དོ་ཟླ་མི་ཡོང་། རྒྱུ་འབྲས་ཀྱི་བདེ་སྡུག་དེ་དག། རྒྱལ་ཁྲིམས་གྱིས་བསྒྱུར་བཅོས་མ་ཐུབ།། རྒྱུ་འབྲས་ཀྱི་བདེ་སྡུག་དེ་དག། རྒྱལ་ཁྲིམས་གྱིས་བསྒྱུར་བཅོས་མ་ཐུབ།། ࿄࿄࿄ ཉམ་ཆུང་གི་ཚེ་སྲོག་ཕྲ་མོ།། ཁ་ཟས་ཀྱི་དབང་ལ་མ་རྗོགས།། འཇིག་རྟེན་གྱི་དམྱལ་བའི་ཡུལ་དུ།། ཤ་ཁྲག་གིས་བུ་ལོན་འཇལ་དགོས།། འཇིག་རྟེན་གྱི་དམྱལ་བའི་ཡུལ་དུ།། ཤ་ཁྲག་གིས་བུ་ལོན་འཇལ་དགོས།། ࿄࿄࿄ ཁམས་གསུམ་གྱི་འགྲོ་བ་མཐའ་དག། མ་གཅིག་པའི་འདུ་ཤེས་མ་དོར།། བྱམས་བརྩེ་བའི་རིན་ཐང་ལྡན་ན།། འཕྲལ་ཕུགས་ཀྱི་རེ་བ་བསྐང་ཡོང་།། བྱམས་བརྩེ་བའི་རིན་ཐང་ལྡན་ན།། འཕྲལ་ཕུགས་ཀྱི་རེ་བ་བསྐང་ཡོང་།། བྱམས་བརྩེ་བའི་རིན་ཐང་ལྡན་ན།། འཕྲལ་ཕུགས་ཀྱི་རེ་བ་བསྐང་ཡོང་།། RengTsing文化传媒