眷恋 作词 : 才让扎西 作曲 : 扎西才旦 སེམས་ཀྱི་རི་མོ། གཞས་ཚིག ཚེ་རིང་བཀྲ་ཤིས། གཞས་གདངས། བཀྲ་ཤིས་ཚེ་བརྟན། གཞས་མ། སྟག་མོ་སྒྲོལ་མ། ཉི་ཟླ་གཅིག་གི་འོད་ཀྱི་འཁོར་ལམ།། རི་ཆུ་སྟོང་གིས་བར་ཐག་ཕྱེད་པ།། གཞོན་ནུའི་བརྩེ་དུང་ཡིན་པ་འདྲ་ལེ།། མི་འདྲ་ང་ཡི་ཆུང་འདྲིས་བྱམས་པ།། དགུང་ལ་སྐར་མའི་གུར་ཞིག་ཕུབ་དུས།། ཤང་ཤང་ཆུ་མོས་གཞས་ཤིག་བཏང་བྱུང།། གཞས་ལ་གཞས་ལན་མེད་པའི་སེམས་སྐྱོ།། མཆི་མ་འཛད་པའི་སྙིང་ལ་ན་བྱུང།། མཆི་མ་འཛད་པའི་སྙིང་ལ་ན་བྱུང།། འཛོམས་པའི་བདེ་བ་སྐད་ཅིག་མ་ལ།། བྲལ་བའི་གདུང་སེམས་ཕྱི་ཕྱིར་སླེབས་བྱུང།། སྐྱིད་སྡུག་ངང་ཚུལ་ཁ་ཆར་འདྲེས་མ།། ན་ཆུང་གཞོན་ནུའི་སེམས་ཀྱི་རི་མོ།། ལམ་དེ་ཕྱིར་ལོག་མེད་པའི་ལམ་རེད།། ལས་དེ་བཟློག་ཐབས་མེད་པའི་ལས་རེད།། ཆུང་འདྲིས་ངེད་གཉིས་ལག་རྡང་གློད་པ།། ཡོར་ཡོར་གཡོ་བའི་མཚོ་ནང་ཟླ་བ།། ཡོར་ཡོར་གཡོ་བའི་མཚོ་ནང་ཟླ་བ།། བརྩེ་བའི་ཤ་དྲོད་རུམ་ནས་མ་འབོར།། གྱེས་པའི་དྲན་ཤིང་ལམ་ནས་མ་བརྗེད།། མ་བརྗེད་མ་འབོར་བདེ་བར་བཞུད་དང།། སྐྱེས་བ་གཞུག་མར་ལྷན་འཛོམས་ཆོག་པ།། རི་བོའི་ཕ་རོལ་རི་བོས་བརྐྱངས་ཡོད།། ནམ་མཁའི་ཕ་རོལ་ནམ་མཁས་བཟུང་ཡོད།། ཆུང་འདྲིས་ངེད་གཉིས་ལྷད་མེད་བརྩེ་བ།། སྤྲིན་པའི་ཟོལ་གྱིས་དགུང་ན་གཤར་ཡོད།། སྤྲིན་པའི་ཟོལ་གྱིས་དགུང་ན་གཤར་ཡོད།། སྤྲིན་པའི་ཟོལ་གྱིས་དགུང་ན་གཤར་ཡོད།། RengTsing文化传媒