梦想 作词 : So洛桑丹增 作曲 : So洛桑丹增 ཚིག་གདངས། Soབློ་བཟང་བསྟན་འཛིན། ཆུང་དུས་ནས་མི་ཚང་མར་གཟི་བརྗིད་ལྡན་པའི་ཕུགས་བསམ་རེ་རེ་ཡོད་ནའང་། ཆེན་པོ་ཆགས་དུས་དངོས་གནས་དཀའ་ལས་རྒྱབ་ཐུབ་མཁན་མི་ག་ཚོད་ཡོད་རེད། འདས་ཟིན་པའི་དུས་ཚོད་དེ་གས། ང་ཚོས་དཀའ་ལས་ག་ཚོད། མི་ཚང་མས་སོ་སོའི་མདུན་ལམ་ཆེད་དུ་འབད་བརྩོན་བྱས། འདས་ཟིན་པའི་དུས་ཚོད་དེ་གས། ང་ཚོས་དཀའ་ལས་ག་ཚོད། དགོངས་པ་མ་ཚོམས། སྔོན་ལ་དེ་ནས་མཚམས་ཤིག་བཅད། མི་ཡི་མི་ཚེ་ཞི་མིའི་ཨ་སྟོང་ཁྱེད་རང་གིས་གསུངས་བྱུང་། རང་དང་འདྲ་བའི་མི་ཚོགས་ཚང་མས་ཕུགས་བསམ་ཆེད་དུ་དཀའ་ལས་རྒྱབ། ཨུ་ཚུགས་རྒྱབ། ཧུར་ཐག་བྱེད། མི་ཁ་ཤས་རང་ལ་བལྟས་ནས་བསྡད། གལ་སྲིད་རང་། ཧང་སངས་བསྡད། མི་དེ་གས་བགད་མོ་བགད་ནས་བསྡད། རྟག་པར་རང་། གཅིག་བྱེད་ཀྱི། ཁ་ནས་གཅིག་པོར་བཤད་བྱས་བསྡད། ད་རང་མཆུ་ཏོ་གཅིག་འཁྱེར་བྱས་འཛམ་གླིང་བསྐོར་དུ་འགྲོ་མཁན་ཡིན་པས། ད་སང་ཉིན་སང་ཉིན་སང་ཉིན་སང་ཉིན་སང་ཉིན་ཟེར་བསྡད་བྱས། ཉིན་མ་སང་ཉིན་སང་ཉིན་སང་ཉིན་སང་ཉིན་སང་ཉིན་ཟེར་ཡ་དེ་རྫོགས་ཡ་ཡོད་རེད་པས། དུས་ཚོད་ནི་ཆུ་མོ་བཞིན་དུ་རྒྱུགས་རྒྱུགས་རྒྱུགས། ཡོན་ཏན་ནི་ཉིན་མ་རེ་ལ་ཚིག་རེ་བཟུང་། ཆུང་དུས་ནས་བཤད་པ། ཕུགས་བསམ་གྱི་ཆེད་དུ། དཀའ་ལས་ག་ཚོད་རྒྱབ་ནའང་འགྱོད་པ་མེད། ཨ་རག་ནི་བཅད་པ། འཁྱམས་ཡ་ནི་ཕར་བཞག འགྱོད་པ་མ་སྐྱེས་གོང་ལ་ཧུར་ཐག་བྱེད། ཨུ་ཚུགས་རྒྱབ། ང་ཡི་ཕུགས་བསམ་དེ། མི་དེ་གས་བགད་མོ་བགད་བྱས་བསྡད་ནའང་། གནོང་འགྱོད་མེད། ང་རས་ཧུར་ཐག་འབད་ཐག འབྲས་བུ་མཐོང་བའི་དུས། མི་དེ་གས་ཧང་སངས་ཧོན་འཐོར་ལྐུགས་པ་འ་ལིས་བཟོ་འདྲ་ཞིག་ཆགས་བྱས་བསྡད་ཀྱི་རེད་དག མི་ཚང་མ་ཆུང་དུས་ནས་ཕུགས་བསམ་གཅིག་ཡོད། མི་ཁ་ཤས་ཆེན་པོ་ཆགས་ནའང་དེ་འགྱུར་མེད། མི་མང་པོས་དཀའ་ངལ་ཁྱད་སད་བྱས་ཡོད། མི་ཁ་ཤས་ཕུགས་བསམ་གྷི་ལྰ་སི་ནང་ལ་ཡོད། ཨུ་ཚུགས་རྒྱབ། ཧུར་ཐག་བྱེད། མི་ཁ་ཤས་རང་ལ་བལྟས་ནས་བསྡད། གལ་སྲིད་རང་། ཧང་སངས་བསྡད། མི་དེ་གས་བགད་མོ་བགད་བྱས་བསྡད། རྟག་པར་རང་། གཅིག་བྱེད་ཀྱི། ཁ་ནས་གཅིག་པོར་བཤད་བྱས་བསྡད། ད་རང་མཆུ་ཏོ་གཅིག་འཁྱེར་ནས་འཛམ་གླིང་བསྐོར་དུ་འགྲོ་མཁན་ཡིན་པས། ད་སང་ཉིན་སང་ཉིན་སང་ཉིན་སང་ཉིན་སང་ཉིན་ཟེར་བསྡད་བྱས། ཉིན་མ་སང་ཉིན་སང་ཉིན་སང་ཉིན་སང་ཉིན་སང་ཉིན་ཟེར་ཡ་དེ་རྫོགས་ཡ་ཡོད་རེད་པས། དུས་ཚོད་ནི་ཆུ་མོ་བཞིན་དུ་རྒྱུགས་རྒྱུགས་རྒྱུགས། ཡོན་ཏན་ནི་ཉིན་མ་རེ་ལ་ཚིག་རེ་བཟུང་། ཆུང་དུས་ནས་བཤད་པ། ཕུགས་བསམ་གྱི་ཆེད་དུ། དཀའ་ལས་ག་ཚོད་རྒྱབ་ནའང་འགྱོད་པ་མེད། ཨ་རག་ནི་བཅད་པ། འཁྱམས་ཡ་ནི་ཕར་བཞག འགྱོད་པ་མ་སྐྱེས་གོང་ལ་ཧུར་ཐག་བྱེད། ཨུ་ཚུགས་རྒྱབ། གལ་སྲིད་མིའི་འཕྱ་དམོད་བཟེད་བྱས་བསྡད་ནའང་གལ་མེད་ན། གལ་སྲིད་རྒན་འཁོགས་ཆགས་དུས་འགྱོད་པ་སྐྱེས་ནའང་གལ་མེད་ན། ཨ་ནི་གཡུགས་བཞག ཕར་བཞག གལ་བྱེད་ཀྱི་མ་རེད། སོ་སོས་བཙོས་པའི་ཆང་དེ་ཞིམ་པོ་མེད་ནའང་བཏུང་རྒྱུ་རེད་ད། ལག་ལེན་གསེར་གྱི་ཐིགས་པ་ཟེར་ཡ་དེ་རང་གོ་མྱོང་ཡོད་པས། ཉིན་མ་སང་ཉིན་རྫོགས་ཡ་མེད་པ་དེ་གོ་མྱོང་ཡོད་པས། ཨ་ནི་ཧུར་ཐག་ རྔུལ་ནག ད་ལྟ་གཞས་དེ་གོ་པ་ནས། ཧུར་ཐག་འབད་ཐག་མི་ཚེ་འཕྲོ་བརླག་མ་བཏང་།