夏哇郎祝 作词 : 无 作曲 : 无 ༼བྱ་བ་ལམ་འགྲོ།།༽ དབྱངས---གྲུ་བ་བསམ་འགྲུབ གཞས་པ---ཚེ་རིང་དོན་འགྲུབ། ལྷ་མོ་སྒྲོལ་མ། འཇའ་མཚོན་རི་མོ་མིག་ལ་མཛེས་སོང་།བྱ་བ་ལམ་འགྲོ། སྒྲ་སྙན་རོལ་མོ་རྣ་བར་སྙན་སོང་།བྱ་བ་ལམ་འགྲོ། སྣ་འཛོམས་སྒྱུ་རྩལ་ཡུལ་ལ་མཛེས་སོང།བྱ་བ་ལམ་འགྲོ། བསྐལ་བ་ཡར་འགྲོ་རེད། བྱ་བ་ལམ་འགྲོ། ས་ལ་བཅུད་ཆགས་ཕྱུགས་ལ་གཡང་འཁོར། ཡུལ་ལ་གཡང་ཆགས་སྡེ་ལ་བཀྲ་ཤིས། བདེ་སྐྱིད་ལྷ་དང་མཉམ། དབང་ཐང་རི་ལས་མཐོ།བྱ་བ་ལམ་འགྲོ། བརྙན་འཕྲིན་ལྟད་མོ་མིག་ལ་མཛེས་སོང།བྱ་བ་ལམ་འགྲོ། སྙན་མོ་གླུ་དབྱངས་རྣ་བར་སྙན་སང་།བྱ་བ་ལམ་འགྲོ། རྟ་རྒྱུགས་དུས་སྟོན་ཡུལ་ལ་རྒྱན་སོང་།བྱ་བ་ལམ་འགྲོ། བསམ་དོན་ལྷུན་འགྲུབ་རེད།བྱ་བ་ལམ་འགྲོ་རེད་། ཟས་ལ་བཅུད་འཛོམས་གོས་ལ་གཡང་འཁོར། མི་ལ་གཡང་ཆགས་ཚེ་ལ་བཀྲ་ཤིས། བསོད་ནམ་མེ་ལྟར་འབར། ཚེ་སྲོག་བྲག་ལས་སྲ། བྱ་བ་ལམ་འགྲོ ཟས་ལ་བཅུད་འཛོམས་གོས་ལ་གཡང་འཁོར། མི་ལ་གཡང་ཆགས་ཚེ་ལ་བཀྲ་ཤིས། བསོད་ནམ་མེ་ལྟར་འབར། ཚེ་སྲོག་བྲག་ལས་སྲ། བྱ་བ་ལམ་འགྲོ། བསོད་ནམ་མེ་ལྟར་འབར། ཚེ་སྲོག་བྲག་ལས་སྲ། བྱ་བ་ལམ་འགྲོ།