故乡安多 藏魂组合 ཕ་ཡུལ་ཨ་མདོ། ཚིག བྱ་གཞུང་ལྷ་རྒྱལ་འབུམ། དབྱངས། པད་མ་མཚོ། ཚེ་དབང་ཉི་མ། ལེན་མཁན། གངས་རིའི་བླ་སྲོག་ཚན་སྡེབ། དཔྱིད་གསུམ་སྦྲང་ཆར་སིམ་སིམ་བབས་ཡ་སིམ་སིམ་བབས། རྨ་ཆུ་སྔོན་མོ་ལྷུང་ལྷུང་འབབ་ཡ་ལྷུང་ལྷུང་འབབ། ཆུང་ཆུང་ལུ་གུས་རྐང་བྲོ་རྩེད་ཡ་རྐང་བྲོ་རྩེད། ཕ་ཡུལ་ཨ་མདོ་སྐྱིད་པ་ལ་ཡ་སྐྱིད་པ་ལ། ཨ་ལ་ལ་་་་་་་་་་་་་་་ སྟོན་རླུང་འཇམ་པོ་བསིལ་བསིལ་ལྡང་ཡ་བསིལ་བསིལ་ལྡང་། འབྲུ་རིགས་མགོ་ལྕོག་ལྡེམ་ལྡེམ་གཡོ་ཡ་ལྡེམ་ལྡེམ་གཡོ། ཞིང་འབྲེག་བུ་མོ་འཛུམ་ཤུག་ཤུག་ཡ་འཛུམ་ཤུག་ཤུག ཕ་ཡུལ་ཨ་མདོ་སྐྱིད་པ་ལ་ཡ་སྐྱིད་པ་ལ། ཨ་ལ་ལ་་་་་་་་་་་་་་