果洛扎西东智. 赤色忧伤 (2) ན་ཟུག་དམར་པོ། ཚིག རྟ་བོའུ་བཀྲ་ཤིས་རྡོ་རྗེས་བརྩམས། དབྱངས། མགོ་ལོག་བཀྲ་ཤིས་དོན་འགྲུབ་ཀྱིས་བརྩམས། ལེན་མཁན། མགོ་ལོག་བཀྲ་ཤིས་དོན་འགྲུབ་ཀྱིས་བླངས། ཡིད་འོངས་བྱམས་པའི་ཞལ་རས།། སྙིང་ལ་ཅི་ཙམ་བྲིས་ཀྱང་།། འདྲིས་འདྲིས་སྙིང་གི་བྱམས་པས།། བརྩེ་བ་རླུང་ལ་བསྐུར་སོང་།། ཨའ་ཧ་་་་་་་་་་་་ འདྲིས་འདྲིས་སྙིང་གི་བྱམས་པས།། བརྩེ་བ་རླུང་ལ་བསྐུར་སོང་།། རྡོ་ལ་སྙིང་གཏམ་བཤད་ནས།། ལོ་ཟླ་ག་ཙམ་སོང་ཡང་།། སྡུག་གི་མིག་མཐའི་མཆི་མ།། བཞུར་ན་དམར་པོ་ཁྲག་རེད།། ཨའ་ཧ་་་་་་་་་་་་་ སྡུག་གི་མིག་མཐའི་མཆི་མ།། བཞུར་ན་དམར་པོ་ཁྲག་རེད།། བྱེ་རླུང་འཚུབ་མའི་ཁྲོད་ནས།། ལུས་པོ་རླུང་ལ་གཟད་ཀྱང་།། ཆུང་འདྲིས་མེ་ཏོག་དམར་པོ།། མཇལ་སྐལ་ཐོབ་ས་མ་རེད།། ཨའ་ཧ་་་་་་་ ཆུང་འདྲིས་མེ་ཏོག་དམར་པོ།། མཇལ་སྐལ་ཐོབ་ས་མ་རེད།། ཨའ་ཧ་་་་་་་་་ ཆུང་འདྲིས་མེ་ཏོག་དམར་པོ།། མཇལ་སྐལ་ཐོབ་ས་མ་རེད།།