缘 作词 : 平措 作曲 : 平措 ལས་འགྲོ། ཚིག ཕུན་ཚོགས། གདངས། ཕུན་ཚོགས། གཞས་པ། ཕུན་ཚོགས། LRC ཕུན་ཚོགས། དགུང་དེ་ཨ་སྔོན་མཐོན་པོར། སྐར་ཚོགས་སྣ་མིན་འདུག་ཀྱང་། ཡིད་ལ་ཡོད་པའི་སྨིན་དྲུག ནག་པོའི་སྤྲིན་པས་སྒྲིབ་བྱུང་། སྤྲིན་བཟང་ཕར་གཤིག་གནང་ནས། ང་ཡི་ལས་འགྲོ་སྟོན་དང་། ཆུ་དེ་མྱང་ཆུའི་ནང་ལ། ཉ་མོ་སྣ་མིན་འདུག་ཀྱང་། ཡིད་ཀྱི་ཉ་ཆུང་གསེར་མིག ཆུ་རྡོ་ནག་པོས་བཀག་བྱུང་། རྡོ་ཆུང་ཕར་གཤིག་གནང་ནས། ང་ཡི་ལས་འགྲོ་སྟོན་དང་། རང་སེམས་སོང་བའི་ཁོ་མོ་ ཐག་རིང་ལ་མོའི་རྒྱབ་ན་བཞུགས་བཞག སྙིང་གཏམ་ཚིག་གསུམ་ཞུ་དགོས་བསམ་ཀྱང་ རི་ཆུ་སྟོང་གིས་ཆོད་བཞག སེམས་པའི་མི་ལ་བརྩེ་སེམས་ཡོད་ན་ ལ་དགུ་ཀླུང་གསུམ་རྒྱབ་ཤོག ལས་དང་ལས་འགྲོའི་རླུང་བུས་དེད་ནས་ ང་གཉིས་ལྷན་དུ་འཛོམས་ཡོང་། གཡས་ལ་གཟིགས་དགོས་མ་རེད། གཡོན་ལ་བལྟ་དགོས་མ་རེད། རང་ཉིད་རང་གི་ལམ་ལ། གོམ་ཞེང་ཆེན་པོས་བསྐྱོད་ཤོག རང་སེམས་སོང་བའི་ཁོ་མོ་ ཐག་རིང་ལ་མོའི་རྒྱབ་ན་བཞུགས་བཞག སྙིང་གཏམ་ཚིག་གསུམ་ཞུ་དགོས་བསམ་ཀྱང་ རི་ཆུ་སྟོང་གིས་ཆོད་བཞག སེམས་པའི་མི་ལ་བརྩེ་སེམས་ཡོད་ན་ ལ་དགུ་ཀླུང་གསུམ་རྒྱབ་ཤོག ལས་དང་ལས་འགྲོའི་རླུང་བུས་དེད་ནས་ ང་གཉིས་ལྷན་དུ་འཛོམས་ཡོང་། གཡས་ལ་གཟིགས་དགོས་མ་རེད། གཡོན་ལ་བལྟ་དགོས་མ་རེད། རང་ཉིད་རང་གི་ལམ་ལ། གོམ་ཞེང་ཆེན་པོས་བསྐྱོད་ཤོག རང་ཉིད་རང་གི་ལམ་ལ། གོམ་ཞེང་ཆེན་པོས་བསྐྱོད་ཤོག རང་སེམས་སོང་བའི་ཁོ་མོ་ ཐག་རིང་ལ་མོའི་རྒྱབ་ན་བཞུགས་བཞག སྙིང་གཏམ་ཚིག་གསུམ་ཞུ་དགོས་བསམ་ཀྱང་ རི་ཆུ་སྟོང་གིས་ཆོད་བཞག སེམས་པའི་མི་ལ་བརྩེ་སེམས་ཡོད་ན་ ལ་དགུ་ཀླུང་གསུམ་རྒྱབ་ཤོག ལས་དང་ལས་འགྲོའི་རླུང་བུས་དེད་ནས་ ང་གཉིས་ལྷན་དུ་འཛོམས་ཡོང་། གཡས་ལ་གཟིགས་དགོས་མ་རེད། གཡོན་ལ་བལྟ་དགོས་མ་རེད། རང་ཉིད་རང་གི་ལམ་ལ། གོམ་ཞེང་ཆེན་པོས་བསྐྱོད་ཤོག རང་སེམས་སོང་བའི་ཁོ་མོ་ ཐག་རིང་ལ་མོའི་རྒྱབ་ན་བཞུགས་བཞག སྙིང་གཏམ་ཚིག་གསུམ་ཞུ་དགོས་བསམ་ཀྱང་ རི་ཆུ་སྟོང་གིས་ཆོད་བཞག སེམས་པའི་མི་ལ་བརྩེ་སེམས་ཡོད་ན་ ལ་དགུ་ཀླུང་གསུམ་རྒྱབ་ཤོག ལས་དང་ལས་འགྲོའི་རླུང་བུས་དེད་ནས་ ང་གཉིས་ལྷན་དུ་འཛོམས་ཡོང་། གཡས་ལ་གཟིགས་དགོས་མ་རེད། གཡོན་ལ་བལྟ་དགོས་མ་རེད། རང་ཉིད་རང་གི་ལམ་ལ། གོམ་ཞེང་ཆེན་པོས་བསྐྱོད་ཤོག རང་ཉིད་རང་གི་ལམ་ལ། གོམ་ཞེང་ཆེན་པོས་བསྐྱོད་ཤོག