[00:00.000] 作词 : 平措 [00:00.516] 作曲 : 平措 [00:01.33]ཡབ་ཡུམ། [00:04.97]ཚིག ཕུན་ཚོགས། [00:08.58]གདངས། ཕུན་ཚོགས། [00:12.29]གཞས་པ། ཕུན་ཚོགས། [00:16.00]LRC ཕུན་ཚོགས། [00:19.64] [00:24.57]ཞིམ་པ་མངར་བ་མཆོད་མི་ནུས་བུ་ཕྲུག་ལ་སྦྱིན། [00:29.47]ལེགས་པ་འཇམ་པ་གྱོན་མི་ནུས་བུ་ཕྲུག་ལ་བསྐུར། [00:34.04]ཁྱེད་ཡབ་ཡུམ་གཉིས་ཀྱི་ལྷད་མེད་བཀའ་དྲིན་དེ། [00:39.24]རི་བོའི་གཏོས་དང་མཉམ་ཞིང་རྒྱ་མཚོའི་གཏིང་ལས་ཟབ། [00:45.33]རི་བོའི་གཏོས་དང་མཉམ་ཞིང་རྒྱ་མཚོའི་གཏིང་ལས་ཟབ། [00:51.45]གཞན་ཡུལ་འགྲིམས་པའི་བུ་ཆུང་། [00:56.39]དགའ་དུས་ཡིད་ལ་དྲན་པ་ཁྱེད་ཉིད་ཡིན། [01:01.26]ས་ཐག་རྒྱང་བའི་བུ་ཆུང་། [01:06.19]སྐྱོ་དུས་སེམས་ལ་འཆར་བ་ཁྱེད་ཉིད་ཡིན། [01:11.10] [01:13.53]ཚིག ཕུན་ཚོགས། [01:17.19] [01:18.45]གདངས། ཕུན་ཚོགས། [01:20.94] [01:23.32]གཞས་པ། ཕུན་ཚོགས། [01:25.84] [01:28.21]LRC ཕུན་ཚོགས། [01:30.60] [01:35.55]ལོ་ཟླ་ཆུ་མོའི་འགྲོས་བཞིན་བར་མེད་དུ་འགྲོ། [01:40.40]ཆུང་ནས་བསྐྱངས་པའི་བུ་ཆུང་ལང་ཚོ་རྒྱས་སོང་། [01:44.86]ཁྱེད་ཡབ་ཡུམ་གཉིས་ཀྱི་དབུ་སྐྲའི་ཁ་དོག་བསྒྱུར་དུས། [01:50.25]ང་ཡི་དམར་ཆུང་སེམས་ལ་རྨ་ཁ་བཟོས་སོང་། [01:56.36]ང་ཡི་དམར་ཆུང་སེམས་ལ་རྨ་ཁ་བཟོས་སོང་། [02:02.48]ད་ཆ་ཁྱེད་ཀྱི་བུ་ཆུང་། [02:07.36]རང་མགོ་ཐོན་ཡོད་ཡུམ་ཆེན་བདེ་བར་བཞུགས། [02:12.26]ལྷད་མེད་བཀའ་དྲིན། [02:16.29]ཟོལ་མེད་སེམས་ཀྱིས་གསོལ་ཆོག་ཡབ་ཆེན་ལྷོད་པར་བཞུགས་དང་། [02:22.13]ད་ཆ་ཁྱེད་ཀྱི་བུ་ཆུང་། [02:26.97]རང་མགོ་ཐོན་ཡོད་ཡུམ་ཆེན་བདེ་བར་བཞུགས། [02:31.86]ལྷད་མེད་བཀའ་དྲིན། [02:35.29]ཟོལ་མེད་སེམས་ཀྱིས་གསོལ་ཆོག་ཡབ་ཆེན་ལྷོད་པར་བཞུགས་དང་། [02:44.18]