作词 : 加样罗珠 作曲 : 陈里俄热 དག་ཞིང་། གཞས་ཚིག འཇམ་དབྱངས་བློ་གྲོས། གཞས་གདངས། འཕྲིན་ལས་འོད་ཟེར། གཞས་པ། འཕྲིན་ལས་འོད་ཟེར། ལྷ་ས་དག་པའི་ཞིང་རེད། མཇལ་བ་ཁྲི་མ་འབུམ་རེད། པོ་ཏ་ལ་རིའི་བརྗིད་ཉམས། ངོ་མཚར་སྐྱེས་བུའི་ཡུལ་རེད། ཇོ་བོའི་སྐུ་མདོག་གསེར་རེད། གསེར་མདོག་ཉི་མའི་མདངས་རེད། འགྲོ་བ་འདྲེན་པའི་སྐྱབས་གཅིག འཛམ་བུ་གླིང་གི་རྒྱན་རེད། སེར་འབྲས་དགེ་གསུམ་རྟེན་རེད། བོད་པ་ཚང་གི་སྐལ་རེད། བྱིན་རླབས་ཆེ་བའི་གནས་མཆོག ཁ་བ་རི་བའི་མགོན་རེད།