གནས་མཆོག་ལྷ་ས།-圣城拉萨 作词 : 直孔仁增 作曲 : 直孔仁增 མཁའ་དབྱིངས་ཀྱི་ནམ་མཁའི་སྤྲིན་དཀར་ལང་ལོང་གཡོ།། ལྷ་ལྡན་ཞིང་ནས་ཆོས་སྒྲ་ལྷང་ལྷང་སྒྲོག། སྔོ་བསངས་ཀྱི་དུ་བས་རི་ཀླུང་ཀུན་ལ་ཁྱབ།། ལྷ་ལྡན་གྱི་གནས་མཆོག་དེ་འདྲའི་གནའ་ཉམས་ལྡན་པ།། བརྗིད་ཆགས་ཀྱི་ཕོ་བྲང་གསེར་འོད་ཕྱོགས་བཞིར་ཁྱབ།། ལྷ་ལྡན་གྱི་གནས་མཆོག་ངོ་མཚར་ཆེ།། ཨེ་མ། ལྷ་ལྡན་ལྷ་ས། ཨེ་མ། ལྷ་ལྡན་ལྷ་ས། ང་ཡི་མེས་པའི་ཕ་ས་ཡིན་ལ།། ང་ཡི་རེ་བའི་ཞིང་ཁམས།། ལྷག་བསམ་སེམས་ཀྱི་སྨོན་ལམ།། ཁྱེད་ཀྱི་པང་ནས་བཏབ་ཡོད།།