བཀྲ་ཤིས་ལོ་གསར།-吉祥新年 作词 : 丹曲 作曲 : 桑珠 དགའ་དགའ་སྤྲོ་སྤྲོའི་བོད་ཀྱི་ལོ་གསར་ཤར།། ཚ་ཚ་རུབ་རུབ་ནང་མི་སྤུན་མཆེད་འཛོམས།། ཁྲ་ཁྲ་སིལ་སིལ་རྒྱལ་ཆ་ལུས་ལ་གོན།། ཀི་ཀི་བསྭོ་བསྭོ་ལྷ་ལ་མཆོད་པ་འབུལ།། བཀྲ་ཤིས་ལོ་གསར་བཀྲ་ཤིས་དུས་བཟང་འདིར།། མི་ནོར་ཕྱུག་གསུམ་འཛོམས་པའི་སྨོན་འདུན་ཞུ།། ཚེས་བཟང་མི་བཟང་གཏམ་བཟང་མཉམ་དུ་འཛོམས།། འཛོམས་པ་གསུམ་གྱི་བཀྲ་ཤིས་བདེ་ལེགས་ཤོག། དགའ་དགའ་སྤྲོ་སྤྲོའི་བོད་ཀྱི་ལོ་གསར་ཤར།། ཧ་ཧ་ཧུ་ཧུའི་བཀྲ་ཤིས་གཏམ་བཟང་གླིང་།། བཏང་བཏང་ལང་ལང་དགའ་སྐྱིད་གླུ་གར་འཁྲབ།། ན་ན་ཚ་ཚ་མེད་པའི་སྨོན་འདུན་ཞུས།། བཀྲ་ཤིས་ལོ་གསར་བཀྲ་ཤིས་དུས་བཟང་འདིར།། མི་ནོར་ཕྱུག་གསུམ་འཛོམས་པའི་སྨོན་འདུན་ཞུ།། ཚེས་བཟང་དུས་བཟང་མི་བཟང་མཉམ་དུ་འཛོམས།། འཛོམས་པ་རྣམ་གསུམ་བཀྲ་ཤིས་བདེ་ལེགས་ཤོག། བཀྲ་ཤིས་ལོ་གསར་བཀྲ་ཤིས་དུས་བཟང་འདིར།། མི་ནོར་ཕྱུག་གསུམ་འཛོམས་པའི་སྨོན་འདུན་ཞུ།། ཚེས་བཟང་དུས་བཟང་མི་བཟང་མཉམ་དུ་འཛོམས།། འཛོམས་པ་རྣམ་གསུམ་བཀྲ་ཤིས་བདེ་ལེགས་ཤོག།