逝爱 作词 : 白骑士 作曲 : 无 ཞེན་ཆགས་ཀྱི་རོགས་གླུ། /དགའ་ཅོ་རྟ། བརྩེ་དུང་འདི་རྨ་ཁ་ཞིག་ཏུ་འགྱུར་རུང་། བརྩེ་དུང་འདི་སྡུག་བསྔལ་ཞིག་ཏུ་འགྱུར་རུང་། ཆེས་མཐའ་མཇུག རང་ཉིད་ཀྱི་སྤྲོ་སེམས་ཐ་དག་ས་རུ་སྦས་པའི། རང་ཉིད་ཀྱི་དགོད་སྒྲ་ཡོད་ཚད་ཤུལ་ཏུ་འཇོག་པའི། གཟུགས་མེད་ཀྱི་དུར་ཁྲོད་ཅིག་ཡིན་རུང་། ང་ཚོས་བརྩེ་དུང་འདི་ལས་དབང་དང་མཉམ་དུ་བཤད་དགོས་དོན་མེད། བརྩེ་དུང་ནི་འཚོ་བ་ལས་ལོགས་སུ་བྱུང་བའི་ཞེན་ཆགས་དང་རྩིས་འདང་ཙམ་ག་ལ་ཡིན། བརྩེ་དུང་ནི་ངས་ཆེས་རྣམ་དག་གི་སེམས་པ་རྗེན་པོ་དེ་ཁྱོད་ལ་འབུལ་དུས། ཁྱེད་ཀྱིས་མགོ་བོ་བཀུག་བཀུག་གིས་བཀའ་དྲིན་ཆེ་ཞུ་བའི་བརྡ་ལན་དེ་ཡིན། བརྩེ་དུང་ནི་མི་སེམས་ཀྱི་གཏིང་རིམ་བཅོ་བརྒྱད་ནས། ཁྱེད་ལ་ཟོལ་མེད་དུ་ཕུལ་བའི་གསེར་གྱི་མགུལ་རྒྱན་དེ། མི་ཚོགས་ཀྱི་གསེང་ནས་ང་ནི་ཁྱེད་ལ་དགའ་ཞིང་། ཁྱེད་ནི་ང་ལ་དུངས་བའི་ཡིད་སྨོན་གྱི་མངར་ཁ་དེ་ཡིན། འོན་ཀྱང་། ང་ནི་ལྷིང་འཇགས་ལ་དགའ་ཞིང་། ཁྱེད་ནི་ཟིང་ལོང་ལ་དགའ་བས། འུ་གཉིས་གཅིག་མཐུན་གྱི་ས་ཆ་ཞིག་ཏུ་འཆམ་འཆམ་འགྲོ་མི་ཐུབ་པ། ང་ནི་རོལ་དབྱངས་ལ་དགའ་བ། ཁྱེད་ནི་ཞབས་བྲོ་ལ་དགའ་བས། འུ་གཉིས་གཅིག་མཐུན་གྱི་དགའ་ཕྱོགས་མེད་པ་དེ། བརྩེ་དུང་ལ་མཇུག་འབྲས་མེད་པར་བཤད་པའི་ལས་དབང་མིན་པར། གཙོ་བོ་འུ་གཉིས་ལ་རང་རང་གི་འཚོ་བ་ཞིག་ཡོད་པས་ཡིན། སྙིང་སྡུག ལས་དབང་གཡང་དཀར་འདྲ་བོ་འདྲོག་ནས། བརྩེ་དུང་རིལ་མ་འདྲ་བོ་ལུས་པར་བཤད་ཀྱང་། འུ་གཉིས་ཀྱི་བར་ན་སེམས་གཏམ་དྭངས་མ་ཞིག་གིས་སྦྲེལ་བའི། ཞེན་ཆགས་ཀྱི་རོགས་གླུ་དེ་ངས་ལེན་ཤེས། འཚོ་བ་དང་ཁ་ཐག་ཤིན་ཏུ་རིང་བའི། བརྩེ་དུང་ཞིག་གིས་འུ་གཉིས་མ་ཤི་གཏན་དུ་འབྲེལ་ཡང་། ནམ་ཞིག་འཚོ་བ་འདི་ལ་ཁ་མདོག་དང་། ལམ་ཁ་འདི་ལ་མུ་མཐུད་འབད་འབུངས་ཀྱི་སྤོབས་སེམས་ཤིག་ག་ལ་ཡོད། དེ་དུས་འུ་གཉིས་ཕན་ཚུན་ལ་ཁེངས་ར་དང་ལེ་བདའ་ཅི་ཙམ་བྱས་རུང་། ཕྱིར་ཡོང་མེད་པའི་དུས་ཚོད་ག་ཙམ་གྱིས། སྡུག་བསྔལ། ཁོང་ཁྲོ། གདུང་བ། ངོ་ཚ། ཞེ་སྡང་། ཨ་ཙི།གློ་ལ་མི་ཤོང་བའི་སྐྱོ་གར་ཞིག་གིས་ཐམས་ཅན་མཇུག་རྫོགས་ཀྱང་། བརྩེ་དུང་ནི་ཁྱེད་ཀྱི་ལག་པ་གཡུག་གཡུག་གིས་ཕར་ལ་འཕེན་ཞིང་། བརྩེ་དུང་ནི་ཁྱེད་ཀྱི་ངོ་གདོང་འཛུམ་འཛུམ་གྱིས་ཚུར་ལ་བསུ་བའི། རང་ཉིད་ཀྱི་འཚོ་བ་ལ་ཁ་མཐུན་གྲོས་ཁ་བྱེད་ས་ཡིན། འཚོ་བ་ལས་འཛུམ་ཞིག་སྟོན་ས་དང་། འདང་བརྩེ་ཡིས་འོ་ཞིག་བྱེད་འདོད་མེད་པ་ལས ཞེན་ཆགས་ཀྱི་རོགས་གླུ་རེ་བླངས་ནས། རང་རང་གི་ལམ་དུ་ཆས་ན། བརྩེ་དུང་ནི་མི་སེམས་ཀྱི་གཏིང་རིམ་བཅོ་བརྒྱད་ནས། ཁྱེད་ལ་ཟོལ་མེད་དུ་ཕུལ་བའི་གསེར་གྱི་མགུལ་རྒྱན་དེ། མི་ཚོགས་ཀྱི་གསེང་ནས་ང་ནི་ཁྱེད་ལ་དགའ་ཞིང་། ཁྱེད་ནི་ང་ལ་དུངས་བའི་ཡིད་སྨོན་གྱི་མངར་ཁ་དེ་ཡིན། འོན་ཀྱང་། ང་ནི་ལྷིང་འཇགས་ལ་དགའ་ཞིང་། ཁྱེད་ནི་ཟིང་ལོང་ལ་དགའ་བས། འུ་གཉིས་གཅིག་མཐུན་གྱི་ས་ཆ་ཞིག་ཏུ་འཆམ་འཆམ་འགྲོ་མི་ཐུབ་པ། ང་ནི་རོལ་དབྱངས་ལ་དགའ་བ། ཁྱེད་ནི་ཞབས་བྲོ་ལ་དགའ་བས། འུ་གཉིས་གཅིག་མཐུན་གྱི་དགའ་ཕྱོགས་མེད་པ་དེ། བརྩེ་དུང་ལ་མཇུག་འབྲས་མེད་པར་བཤད་པའི་ལས་དབང་མིན་པར། གཙོ་བོ་འུ་གཉིས་ལ་རང་རང་གི་འཚོ་བ་ཞིག་ཡོད་པས་ཡིན། སྙིང་སྡུག ལས་དབང་གཡང་དཀར་འདྲ་བོ་འདྲོག་ནས། བརྩེ་དུང་རིལ་མ་འདྲ་བོ་ལུས་པར་བཤད་ཀྱང་། འུ་གཉིས་ཀྱི་བར་ན་སེམས་གཏམ་དྭངས་མ་ཞིག་གིས་སྦྲེལ་བའི། ཞེན་ཆགས་ཀྱི་རོགས་གླུ་དེ་ངས་ལེན་ཤེས། འཚོ་བ་དང་ཁ་ཐག་ཤིན་ཏུ་རིང་བའི། བརྩེ་དུང་ཞིག་གིས་འུ་གཉིས་མ་ཤི་གཏན་དུ་འབྲེལ་ཡང་། ནམ་ཞིག་འཚོ་བ་འདི་ལ་ཁ་མདོག་དང་། ལམ་ཁ་འདི་ལ་མུ་མཐུད་འབད་འབུངས་ཀྱི་སྤོབས་སེམས་ཤིག་ག་ལ་ཡོད། དེ་དུས་འུ་གཉིས་ཕན་ཚུན་ལ་ཁེངས་ར་དང་ལེ་བདའ་ཅི་ཙམ་བྱས་རུང་། ཕྱིར་ཡོང་མེད་པའི་དུས་ཚོད་ག་ཙམ་གྱིས། སྡུག་བསྔལ། ཁོང་ཁྲོ། གདུང་བ། ངོ་ཚ། ཞེ་སྡང་། གློ་ལ་མི་ཤོང་བའི་སྐྱོ་གར་ཞིག་གིས་ཐམས་ཅན་མཇུག་རྫོགས་ཀྱང་། བརྩེ་དུང་ནི་ཁྱེད་ཀྱི་ལག་པ་གཡུག་གཡུག་གིས་ཕར་ལ་འཕེན་ཞིང་། བརྩེ་དུང་ནི་ཁྱེད་ཀྱི་ངོ་གདོང་འཛུམ་འཛུམ་གྱིས་ཚུར་ལ་བསུ་བའི། རང་ཉིད་ཀྱི་འཚོ་བ་ལ་ཁ་མཐུན་གྲོས་ཁ་བྱེད་ས་ཡིན། འཚོ་བ་ལས་འཛུམ་ཞིག་སྟོན་ས་དང་། འདང་བརྩེ་ཡིས་འོ་ཞིག་བྱེད་འདོད་མེད་པ་ལས ཞེན་ཆགས་ཀྱི་རོགས་གླུ་རེ་བླངས་ནས། རང་རང་གི་ལམ་དུ་ཆས་ན།