野狼.藏乡 རི་སྤྱང་དང་བོད་པ། ཚིག ཚེ་དབང་ལྷུན་འགྲུབ། ཟབ་དོན་གླུུ་རུ་འགུགས་པའི་ཉམས་སྣང་ལས།། ཁ་བའི་ལས་དབང་དྲན་པའི་ཐོད་དུ་བཏེགས།། ཤ་ཁྲག་སྒྱྱུ་མའི་ལུས་ཀྱི་ཕུང་བོ་འདི།། རང་རིགས་རྨོངས་པ་སད་པའི་དོན་ལ་བསྔོ།། འཇིགས་རུང་སྨུག་པའི་མཚོན་གྱི་དབལ་རྣོ་ཡང་།། དྭངས་པའི་མཚོ་མོར་རིགས་ཞེན་སྣང་བ་འཕྱོ།། ལས་རླུང་དར་གྱི་མདུད་པ་མ་གཞིག་བར།། ལང་ཚོའི་བསིལ་རླུང་ཁ་བའི་ལྗོངས་སུ་འདྲེན།། གངས་རིའི་ལྗོངས་ཀྱི་དབེན་པའི་རི་ཀླུང་ལ།། ལྷིང་འཇགས་དཀྲོག་པའི་ང་རོ་གསེང་མཐོར་སྒྲོག། འགྲོས་མཉམ་གོམས་འགྲོས་འདེགས་འཇོག་དབྱངས་རྟ་དེ།། རྟོགས་སད་འཕེལ་རྒྱས་བསྙེགས་པའི་ལམ་བུར་འདྲེན།། འཇིགས་རུང་སྨུག་པའི་མཚོན་གྱི་དབལ་རྣོ་ཡང་།། དྭངས་པའི་མཚོ་མོར་རིགས་ཞེན་སྣང་བ་འཕྱོ།། ལས་རླུང་དར་གྱི་མདུད་པ་མ་གཞིག་བར།། ལང་ཚོའི་བསིལ་རླུང་ཁ་བའི་ལྗོངས་སུ་འདྲེན།། གངས་རིའི་ལྗོངས་ཀྱི་དབེན་པའི་རི་ཀླུང་ལ།། ལྷིང་འཇགས་དཀྲོག་པའི་ང་རོ་གསེང་མཐོར་སྒྲོག། འགྲོས་མཉམ་གོམས་འགྲོས་འདེགས་འཇོག་དབྱངས་རྟ་དེ།། རྟོགས་སད་འཕེལ་རྒྱས་བསྙེགས་པའི་ལམ་བུར་འདྲེན།། ཞེས་༜ཡངས་པའི་ལམ༜་དུ་འབོད་པས་གླུ་ཚིག་སྦྱར།