弦子 作词 : 巴塘民歌 作曲 : 巴塘民歌 ༺ འབའ་གཞས། ༻ ཚིག་གདངས། འབའ་ཐང་དམངས་གཞས། གཞས་པ། ནོར་བུ་བསམ་གྲུབ། ང་ཚོ་ཡར་ཡར་འགྲོ་འགྲོ ཁ་བ་མར་མར་འབབ་བྱུང་། ཕ་ཡུལ་ཡིད་ལ་དྲན་བྱུང་། སོའོ་ཡ་ལ། ན་ལ་ཆུང་ཟེ། ཕ་ཡུལ་ཡིད་ལ་དྲན་བྱུང་། གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། ཤར་ཕྱོགས་རི་བོའི་རྩེ་ནས། དཀར་གསལ་ཟླ་བ་ཤར་བྱུང་། ཕ་མ་ཡིད་ལ་དྲན་བྱུང་། སོའོ་ཡ་ལ། ན་ལ་ཆུང་ཟེ། ཕ་མ་ཡིད་ལ་དྲན་བྱུང་། ཕ་མ་ཡིད་ལ་དྲན་བྱུང་།