雨滴 作词 : 罗布桑珠 作曲 : 罗布桑珠 ༺ ཆར་སིམ། ༻ ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ། གལ་སྲིད། ལས་ལ་བསྐོས་མེད་ན། དང་པོ་ནས་ཐུག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ན། གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། ཆར་སིམ་ཁྱེད་ཀྱི་ཞལ་རས་སྟེང་དུ་ལྷུང་སོང་། ཡིད་འཕྲོག་ང་གཉིས་བརྩེ་སེམས་ཆུ་ལས་ཟབ། ༼ དེ་སྔོན། ༽ དྲི་ཞིམ་མེ་ཏོག་ཁྱེད་ཀྱི་ཕྱོགས་སུ་ཕུལ་ནས། ནམ་ཡང་མཉམ་དུ་ཡོང་བའི་དམ་བཅའ་བཞག ལས་དབང་ལ་མེད་པའི་བུ་མོ་ད་ལྟ་གང་དུ་ཡོད། ངས་ལེན་པའི་གླུ་དེ་ད་ཆ་ཁྱེད་ཀྱིས་ཐོས་ཡོང་ངམ། སྔོན་མའི་སྤྲོ་སྣང་རྗེས་དྲན་བྱས་ནས། ཆར་སིམ་དཀྱིལ་ནས་བྲལ། ད་ད་ཆ། མཛེས་པའི་རྗེས་དྲན་ཚང་མ། དྲན་སེམས་མཚེའིུ་ནང་འཐོར་ཚར་སོང་། གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། མཆི་མ་ཁྱེད་ཀྱི་ཞལ་རས་སྟེང་དུ་ལྷུང་སོང་། ༼ ཨ་ཁ། ༽ ཕན་ཚུན་འཕྲད་ཀྱང་མཇུག་འབྲས་མེད་པའི་ལས། ཆར་སིམ་བབས་པའི་མཚན་མོ་དེར་ང་གཉིས་བྲལ། སེམས་སྡུག་ཆེ་ཡང་ཕན་ཚུན་ཆེད་དུ་བྲལ། ཁྱེད་ཀྱི་མཛེས་པའི་ཞལ་རས། མཆི་མས་ཁེངས་པས་ངའི་ཡིད་འདི་འདྲའི་སྐྱོ་བ་ལ། ངས་ཆར་སིམ་མཉམ་དུ་འདོར་བའི་མཛེས་པའི་རྗེས་དྲན་དེ་ཚོ། ལས་ལ་གང་བསྐོས་མ་གཏོགས་སྣང་བ་གང་ཤར་མིན་འདུག ཡིད་སེམས་མཚེའུ་ནས་བཅངས་པའི་དྲན་གླུ་ཁྱེད་ཀྱི་ཕྱོགས་སུ་ཕུལ།