回家 作词 : 罗布桑珠 作曲 : 罗布桑珠 ༺ ནང་ལ་ལོག་འགྲོ ༻ ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ། གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། པོ་ཏ་ལ་ཡི་རྩེ་ནས་འཕྲོ་བའི་འོད་སྣང་དེ། དེ་འདྲའི་བརྗིད་ཆགས་མཚར་སྡུག་ལྡན་པ་ལ། གླིང་བསྐོར་ཐད་མཁན་བགྲེས་སོང་ཁོང་གི་ཞལ་རས་ནས། ལོ་མང་ཕྱིན་པའི་ལོ་རྒྱུས་ཡིད་ལ་འཁོར། གངས་ཅན་གྱི་ལྗོངས་དེའི་མཛེས་ཉམས་ལ། བུ་ཆུང་ང་ཚོས་སེམས་ནས་སྤོབས་པ་བྱེད། འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ཀྱང་། ནམ་ཡང་ཕ་ཡུལ་ཡིད་ལ་འཁོར། དཀར་གཙང་མཇལ་དར་སེམས་ཀྱི་མཚོན་བྱེད་ཡིན། སྙན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན། ལ་ལུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། ཡིད་དབང་འཕྲོག་པའི་ཡར་འབྲོག་གཡུ་མཚོའི་མཛེས་ཉམས་ལ། དེ་འདྲའི་དྭངས་གཙང་མཚར་སྡུག་ལྡན་པ་ལ། ལེ་དབར་བརྒྱ་ཕྲག་བརྐྱང་ཕྱག་འཚལ་ནས་ཕེབས་མཁན་ནི། སེམས་བཟང་གངས་ལྟར་དཀར་བའི་བོད་མི་ཡིན། ཡུལ་གྲུ་འདི་ལ་བཅངས་པའི་བརྩེ་སེམས་འདི། ས་ཕྱོགས་གང་སའི་སྐྱེ་བོ་ཀུན་ལས་ལྷག གཙང་བའི་མཁའ་རླུང་རི་ཀླུང་ཀུན་ལ་ཁྱབ། ལྷག་བསམ་ལྡན་པའི་བོད་མི་བཞུགས། དཀར་གཙང་མཇལ་དར་སེམས་ཀྱི་མཚོན་བྱེད་ཡིན། སྙན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན། ལ་ལུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག ལེ་དབར་ཁྲི་ཕྲག་ས་ནས་རང་གི་ཕ་ཡུལ་དྲན་སོང་། མཛེས་པའི་ཕ་ཡུལ་བཞག་ནས་གཞན་ཡུལ་ཕྱོགས་ལ་འཕུར་སོང་། དཀའ་ངལ་ཁྱད་བསད་དང་བཅས་ནས་ཕ་མ་སྤུན་མཆེད་དྲན་སོང་། ང་ཡི་སེམས་ཀྱི་སྐད་ཆ་ཁྱེད་ཚོར་བཤད་ཡོད། ཚོས་གཞི་འདྲ་མིན་སྣ་ཚོགས་ཁེངས་པའི་ཆ་མེད་ཕྱི་ཡི་འཇིག་རྟེན། དེ་ལས་ང་ཡི་མཛེས་པའི་ཕ་ཡུལ་གྱི་རྩྭ་ཐང་དེ་རང་མཛེས། ང་ཡི་གླུ་གཞས་འདི་ཁྱེད་ལ་ལེན། དཀར་གཙང་མཇལ་དར་སེམས་ཀྱི་མཚོན་བྱེད་ཡིན། སྙན་པའི་གླུ་འདི་གངས་རིའི་ཕྱོགས་ལ་ལེན། ལ་ལུང་རྒྱབ་ནས་ཕ་ཡུལ་ཕྱོགས་ལ་ལོག ང་ཡི་ཕ་ཡུལ་གངས་ཅན་ལྗོངས་ལ་ལོག