美拉卓玛 作词 : 仁青甲 作曲 : 阿香-仁青格来 སྨན་ལྷ་སྒྲོལ་མ།། ○ང་ད་ནང་ཡོང་སའི་ལམ་ཁར་ནས་། རོགས་ཆུང་ཆུང་ཁ་གཡང་ངོམ་གསལ་ཅན་། ང་གར་སོང་ཁྲ་ཆུང་མིག་གིས་འཚོལ་། ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།○ ~ མི་ཚོགས་རྒྱ་གྲོང་དཀྱིལ་ན། ཁྱེད་རང་སེམས་ལ་ཟུག་ཟུག། སུ་དང་གང་ཞིག་མ་ཟུག། ཡིད་འོང་སྨན་ལྷ་སྒྲོལ་མ། སྙིང་གི་ཁང་ཆུང་དབུས་སུ། འབྲལ་མེད་དམ་ཚིག་འཇོག་ཡོད། ལྷད་མེད་བརྩེ་བ་འཐིམ་ཡོད། སྙིང་སྡུག་སྨན་ལྷ་སྒྲོལ་མ། ཙ་ར་་་་་་སྒྲོལ་མ་་་སྒྲོ་མ། ང་ཡི་སྙིང་སྡུག་གི་སྙིང་སྡུག་གི། སྨན་ལྷ་སྒྲོལ་མ། ○ང་ད་ནང་ཡོང་སའི་ལམ་ཁར་ནས་། རོགས་ཆུང་ཆུང་ཁ་གཡང་ངོམ་གསལ་ཅན་། ང་གར་སོང་ཁྲ་ཆུང་མིག་གིས་འཚོལ་། ཚེ་སྔོན་མའི་དགའ་རོགས་ཡིན་པ་འདྲ།○ ~ དམར་ཆུང་སྙིང་གི་གཅེས་ལོ། ང་ཡི་སེམས་ཀྱི་དབུས་ནས། གཏན་དུ་བརྗེད་ཐབས་མི་འདུག། རྩེད་གྲོགས་སྨན་ལྷ་སྒྲོལ་མ། ལས་ལ་འགྱུར་བ་མེད་ཤིང་། ཚེ་ལ་བར་ཆད་མེད་ན། སེམས་པ་ཁྱེད་ལ་ཕུལ་ཆོག། ཞེ་མཐུན་སྨན་ལྷ་སྒྲོལ་མ། ཙ་ར་་་་་་སྒྲོལ་མ་་་སྒྲོ་མ། ང་ཡི་ཞེ་མཐུན་གི་ཞེ་མཐུན་གི སྨན་ལྷ་སྒྲོལ་མ། སྨན་ལྷ་སྒྲོལ་མ།~