བདེ་སྐྱིད་བདེ་སྐྱིད་ཟེར་བ 作词 : 普忠 作曲 : ཀརྨ་བཤད་སྒྲུབ། བདེ་སྐྱིད་བདེ་སྐྱིད་ཟེར་བ།། ཚིག། འཕགས་སྒྲོན། དབྱངས། ཀརྨ་བཤད་སྒྲུབ། ལེན་མཁན།ཀརྨ་བཤད་སྒྲུབ། སྐྱིད་པའི་གནམ་ལོ་ཚེས་སོང་ཡ།། ཤ་ཉེ་སྤུན་མཆེད་འཛོམས་སོང་།། སྐྱིད་ཀྱི་འཛུམ་བརྒྱ་གྲོལ་སོང་ཡ།། སེམས་ཀྱི་བདེ་སྐྱིད་དེ་ཡིན། བདེ་སྐྱིད་བདེ་སྐྱིད་ཟེར་བ།། འདི་ལས་ལྷག་ཅིག་མི་དགོས།། བདེ་སྐྱིད་བདེ་སྐྱིད་ཟེར་བ།། འདི་ལས་ལྷག་ཅིག་མི་དགོས།། སྐྱིད་པའི་གནམ་ལོ་ཚེས་སོང་ཡ།། བཀྲ་ཤིས་སྨོན་དབྱངས་ཁྱབ་སོང་།། དགའ་འཛོམས་གླུ་ཡི་མཆོད་པ།། སེམས་དང་སེམས་པས་བླངས་ཡོད།། སེམས་དང་སེམས་པ་འཕྲད་ནས་ཡ།། ནད་མེད་ཚེ་རིང་ཡོང་ན།། སེམས་ཀྱི་བདེ་སྐྱིད་དེ་ཡིན།། གཏན་གྱི་སྨོན་ལམ་དེ་ཡིན།། བདེ་སྐྱིད་བདེ་སྐྱིད་ཟེར་བ།། འདི་ལས་ལྷག་ཅིག་མི་དགོས།། བདེ་སྐྱིད་བདེ་སྐྱིད་ཟེར་བ།། འདི་ལས་ལྷག་ཅིག་མི་དགོས།། བདེ་སྐྱིད་བདེ་སྐྱིད་ཟེར་བ།། འདི་ལས་ལྷག་ཅིག་མི་དགོས།། བདེ་སྐྱིད་བདེ་སྐྱིད་ཟེར་བ།། འདི་ལས་ལྷག་ཅིག་མི་དགོས།།